འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་19ཉིན།

༄༅༎བོད་ལྗོངས་མངའ་རིས་དང་བོད་དབུས་གློག་དྲ་སྦྲེལ་བའི་ལས་གྲྭ་སྐྲུན་འགོ་ཚུགས་པ། ཞིང་འབྲོག་པ་ཁྲི་38ཀྱི་
གློག་དཀོན་པའི་གནད་དོན་ཐག་གཅོད་ཐུབ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་19ཉིན། 12:35】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། བོད་ལྗོངས་མངའ་རིས་དང་བོད་དབུས་གློག་དྲ་སྦྲེལ་བའི་ལས་གྲྭ་འགོ་ཚུགས་པ་དང་། ལས་གྲྭ་དེས་རྒྱལ་ཡོངས་ཀྱི་ས་གནས་རིམ་པའི་སྲིད་འཛིན་ཁུལ་གྱི་གློག་དྲ་གཅིག་པུས་གློག་གཏོང་བའི་ལོ་རྒྱུས་མཇུག་སྒྲིལ་རྒྱུ་རེད། ལས་གྲྭ་བསྐྲུན་རྗེས་འབྲོང་པ་དང་། ས་དགའ། སྐྱིད་གྲོང་། གཉའ་ལམ། སྤུ་ཧྲེང་། སྒེར་རྩེ། མཚོ་ཆེན་སོགས་ཀྱི་རྫོང་7ལ་གློག་དྲ་སྦྲེལ་ནས་ལམ་རྒྱུད་ཀྱི་ཞིང་འབྲོག་པ་ཁྲི་38ཀྱིས་བརྟན་ལ་བདེ་འཇགས་ཀྱི་གློག་སྤྱོད་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་རྒྱུ་དང་། བོད་ཀྱི་གློག་དྲ་གཙོ་བོ་ལྗོངས་ཡོངས་ཀྱི་རྫོང་74ཚང་མར་ཁྱབ་ནས་བོད་ཀྱི་97%གྱི་གློག་སྤྱོད་གནད་དོན་ཐག་གཅོད་ཐུབ་རྒྱུ་རེད། 
     ཤེས་རྟོགས་བྱུང་བར་གཞིགས་ན། མངའ་རིས་དང་བོད་དབུས་གློག་དྲ་སྦྲེལ་བའི་ལས་གྲྭ་དེ་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་རྡོ་ལིང་ཆན་ཕུའུ་220ཡི་གློག་སྒྱུར་ས་ཚིགས་ནས་འགོ་ཚུགས་ཏེ། མངའ་རིས་ས་ཁུལ་སྒར་རྫོང་གི་འབར་ཆན་ཕུའུ་220གློག་སྒྱུར་ས་ཚིགས་བར་ཡིན་པ་དང་བོད་ཀྱི་ས་ཁུལ་དང་གྲོང་ཁྱེར་2ཀྱི་ཆུས་དང་རྫོང་10སྒྲོལ་ཡོད་པ་དང་ལས་གྲྭར་ཁྱོན་མ་དངུལ་སྒོར་དུང་ཕྱུར་74བཏང་ལ་གློག་གཏོང་གློག་སྐུད་ཀྱི་རིང་ཚད་སྤྱི་ལེ་1689ཡོད་པ་དང་འཆར་གཞི་བྱས་ན་2021ལོར་ལས་མཇུག་འགྲིལ་རྒྱུ་རེད། 
     མངའ་རིས་དང་བོད་དབུས་གློག་དྲ་དྲ་སྦྲེལ་ལས་གྲྭ་བསྐྲུན་རྗེས་བོད་དུ་གཅིག་གྱུར་གློག་དྲ་གྲུབ་ནས་མངའ་རིས་གློག་དྲ་གཅིག་པུས་ཡུན་རིང་གློག་གཏོང་བའི་ལོ་རྒྱུས་མཇུག་སྒྲིལ་རྒྱུ་དང་། མངའ་རིས་ས་ཁུལ་དང་གཞིས་རྩེའི་ནུབ་རྒྱུད་ས་ཁུལ་གྱི་གློག་གཏོང་སྤུས་ཚད་དང་འགན་ལེན་ནུས་པ་མཐོ་རུ་འགྲོ་རྒྱུ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་སུ་འགྲོ་རྒྱུ། དབུལ་སྒྲོལ་འགག་སྒྲོལ་དང་དམངས་འཚོ་ལེགས་གཏོང་ལ་རོགས་རམ་ཐུབ་རྒྱུ། རྒྱལ་ཁབ་ཀྱི་ནུས་རྒྱུ་བདེ་འཇགས་འགན་ལེན་ཐུབ་རྒྱུ། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་ཞབས་འདེགས་ཧུར་ཐག་ཞུ་རྒྱུ། ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་གློག་ཤུགས་འགྲོ་ལམ་ཆེན་པོ་གཏོད་རྒྱུ། མཐའ་འཁོར་རྒྱལ་ཁབ་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་མཉམ་སྦྲེལ་མཉམ་མཐུད་མངོན་འགྱུར་ཐུབ་རྒྱུ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད།