འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་18ཉིན།

༄༅༎ཀྲུང་གོ་དང་ཧྥ་རན་སེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་55འཁོར་བར་དྲན་གསོ་ཞུ་བའི་པར་རིས་འགྲེམས་སྟོན་ཧྥ་རན་སེར་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་18ཉིན། 13:08】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཧྥ་རན་སེའི་གྲོང་ཁྱེར་སི་ཐེ་ལ་སི་པའོ་ནས་ཟླ་9ཚེས་11ཉིན་གློག་འཕྲིན་འབྱོར་གསལ། “གཉིས་ཕན་ཀུན་བདེ། ཕུགས་སྐྱོད་བརྟན་པོ་སྟེ། ཀྲུང་གོ་དང་ཧྥ་རན་སེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་55འཁོར་བར་དྲན་གསོ་ཞུ་བའི”པར་རིས་འགྲེམས་སྟོན་ཚེས་10ཉིན་ཧྥ་རན་སེའི་ཤར་རྒྱུད་གྲོང་ཁྱེར་སི་ཐེ་ལ་སི་པའོ་རུ་འགོ་ཚུགས་ཤིང་། ས་གནས་དེའི་ཆབ་སྲིད་ལས་རིགས་དང་། དཔལ་འབྱོར་ཚོང་དོན་ལས་རིགས། ཤེས་ཡོན་ལས་རིགས་སོགས་ཀྱི་མི་100ལྷག་ཙམ་ཞུགས་ཡོད་པ་རེད།
     པར་རིས་འགྲེམས་སྟོན་ནི་ཧྥ་རན་སེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དང་ཧྥ་རན་སེའི་ཤར་རྒྱུད་ཆེན་པོའི་ཁུལ་ཆེན་གྲོས་ཚོགས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་ཞིག་ཡིན། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་པར་བླངས་པའི་ལོ་རྒྱུས་ཀྱི་པར་རིས་དང་སྐབས་དོན་གལ་ཆེན་གྱི་པར་རིས་55ལས་ཀྲུང་གོ་དང་ཧྥ་རན་སེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་55རིང་གི་ཚབ་མཚོན་རང་བཞིན་གྱི་དུས་སྐབས་མང་པོ་མངོན་པར་བྱས་པ་མ་ཟད། དུས་རབས་20པའི་ལོ་རབས་50ཚུན་གྱི་རྒྱལ་ཁབ་གཉིས་ཀྱི་མི་དམངས་དབར་སེམས་ཐག་ཉེ་རུ་ཕྱིན་པ་དང་། ཕན་ཚུན་བརྩི་འཇོག་བཅས་ཀྱི་ལོ་རྒྱུས་ཀྱི་བརྩེ་བ་་སླར་ཡང་མངོན་པར་བྱས་ཤིང་། དེ་དག་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། ཚན་སློབ། ལུས་རྩལ། དམངས་ཁྲོད་ཀྱི་སྤེལ་རེས་སོགས་ཁྱབ་ཁོངས་དང་འབྲེལ་བའི་གཉིས་ཕན་མཉམ་ལས་དང་ཐུན་མོང་གི་ངོས་འཛིན་ཡིན་པ་རེད།