འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་18ཉིན།

༄༅༎ཀྲུང་གོས་དྲི་ངན་དབྱང་རླུང་བང་རིམ་ལ་སྲུང་སྐྱོང་བྱ་རྒྱུ་ལག་བསྟར་ནན་པོ་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་18ཉིན། 13:05】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་ཅི་ནན་ནས་ཟླ་9ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་16ཉིན། 2019ལོའི་རྒྱལ་སྤྱིའི་དྲི་ངན་དབྱང་རླུང་བང་རིམ་ལ་སྲུང་སྐྱོང་བྱེད་པའི་ཉིན་མོའི་དྲན་གསོའི་ཚོགས་ཆེན་ཧྲན་ཏུང་ཞིང་ཆེན་གྱི་ཅི་ནན་གྲོང་ཁྱེར་དུ་འཚོགས་པ་རེད། འདི་ལོའི་རྒྱལ་སྤྱིའི་དྲི་ངན་དབྱང་རླུང་བང་རིམ་ལ་སྲུང་སྐྱོང་བྱེད་པའི་ཉིན་མོའི་བརྗོད་དོན་གཙོ་བོ་ནི“ལོ་32རིང་རྒྱུན་ཆད་མེད་པར་ཉམས་གསོ་བྱེད”ཅེས་པ་དེ་ཡིན་པ་དང་། 1987ལོར་རླུང་ཁམས་ཆེ་མོའི་དྲི་ངན་དབྱང་རླུང་བང་རིམ་ལ་སྲུང་སྐྱོང་བྱེད་པའི་ལོ་རྒྱུས་རང་བཞིན་གྱི་ཡིག་ཆ་གལ་ཆེན《མོང་ཐེ་ལིའར་གྱི་ཆོད་ཡིག》ལ་དྲན་གསོ་བྱ་ཆེད། སྤྱི་ཚོགས་ལས་རིགས་ཁག་ལ་བྱ་སྤྱོད་སྤེལ་ཏེ་སའི་གོ་ལའི“སྲུང་གདུགས”ཏེ་དྲི་ངན་དབྱང་རླུང་བང་རིམ་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་སྐུལ་སློང་བྱས་ཡོད། མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་འགོད་ཧྲུའུ་དང་། མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་ཧྲུའུ། མཉམ་འབྲེལ་རྒྱལ་ཚོགས་བཟོ་ལས་འཕེལ་རྒྱས་རྩ་འཛུགས། འཛམ་གླིང་དངུལ་ཁང་། ཁོར་ཡུག་བརྟག་ཞིབ་སྒྲིག་གཞི་སོགས་རྒྱལ་སྤྱིའི་སྒྲིག་གཞིའི་མི་སྣ་150ལྷག་ཙམ་ཚོགས་འདུར་ཞུགས་ཡོད་པ་རེད།