འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་17ཉིན།

༄༅༎ཟླ་མཆོད་དུས་ཆེན་རིང་རྒྱལ་ནང་གི་ཡུལ་སྐོར་མི་ཐེངས་དུང་ཕྱུར་ལས་བརྒལ་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་17ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་15ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཚེས་15ཉིན་རིག་གནས་དང་ཡུལ་སྐོར་པུའུ་ནས་ཤེས་རྟོགས་བྱས་པ་ལྟར་ན། 2019ལོའི་ཟླ་མཆོད་དུས་ཆེན་རིང་ས་གནས་ཁག་གི་རིག་གནས་དང་ཡུལ་སྐོར་ཐོན་ཟོག་མཁོ་སྤྲོད་འདང་ངེས་ཡོད་ལ། ཡུལ་སྲོལ་བྱེད་སྒོ་ཕུན་སུམ་ཚོགས་ཁར་ཟླ་བར་ལྟ་བ་དང་མཚན་མོའི་ཡུལ་སྐོར་གཉིས་ཟླ་མཆོད་གུང་གསེང་ཡུལ་སྐོར་གྱི་འགག་རྩའི་ཐ་སྙད་དུ་གྱུར་ཡོད་པ་རེད།
     གྲངས་གཞི་ལས་མངོན་པ་ལྟར་ན། ལྔ་གཅིག་དང་ལྔ་པའི་ཚེས་ལྔའི་དུས་ཆེན་སོགས་གུང་གསེང་དང་བསྡུར་ན། ཟླ་མཆོད་དུས་ཆེན་རིང་ཕྱིར་བསྐྱོད་ནས་ཡུལ་སྐོར་བྱེད་པའི་ནང་མི་རབས་གཉིས་དང་གསུམ་མཉམ་དུ་འགྲོ་བའི་མི་ཐེངས་ཀྱི་བསྡུར་ཚད་14%ལྷག་མཐོ་རུ་སོང་བ་དང་། ཟླ་བར་ལྟ་བ་དང་མཚན་མོའི་ཡུལ་སྐོར་ནི་ཟླ་མཆོད་དུས་ཆེན་གྱི་བཀྲག་མདངས་འཚེར་སར་གྱུར། ཤིས་ཨན་དང་། ཁྲུང་ཆིང་། ཞ་མོན། ཁྲེང་ཏུའུ་སོགས་གྲོང་ཁྱེར་ནི་མཚན་མོའི་ཡུལ་སྐོར་གྱི་དམིགས་སར་གྱུར་ཞིང་། གནའ་བོའི་གྲོང་རྡལ་ཀྲོའུ་ཀྲོང་དང་། ཚི་ཆི་ཁོའུ། ཆིང་ཡན་སོགས་ཀྱི་སྒྲོན་འོད་འགྲེམས་སྟོན་ལས་ཡུལ་སྐོར་བས་གནའ་ཉམས་དོད་པའི་ཡུལ་ཁམས་ཚོར་ཐུབ་པ་རེད།
     རིག་གནས་དང་ཡུལ་སྐོར་པུའི་བསྡོམས་རྩིས་ལྟར་ན། ཟླ་མཆོད་དུས་ཆེན་གྱི་གུང་གསེང་རིང་ཡུལ་སྐོར་བ་76.4%ཡུལ་དེའི་ཟླ་མཆོད་དུས་ཆེན་གྱི་རིག་གནས་བརྗོད་དོན་གཙོ་བོའི་བྱེད་སྒོའི་ནང་ཞུགས་པ་རེད།