འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་17ཉིན།

༄༅།།ཀྲུང་གོ་དབང་པོ་སྐྱོན་ཅན་རིག་རྩལ་ཚོགས་པས་ཟི་ལིང་དུ་སྐོར་སྐྱོད་འཁྲབ་སྟོན་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་17ཉིན། 10:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་ཟླ་9ཚེས་15ཉིན་གློག་འཕྲིན་འབྱོར་གསལ། “དྲི་ཞིམ་མཉམ་སྤྱོད། འབྱོར་འབྲིང་མཉམ་གཏོད”ཀྱི་2019ལོའི་ཀྲུང་གོའི་ནུབ་རྒྱུད་ས་ཁུལ་གྱི་རྫོང་བརྒྱའི་སྤྱི་ཕན་སྐོར་སྐྱོད་འཁྲབ་སྟོན་བྱེད་སྒོ་ཐེངས་བརྒྱ་ཉིན་ཤས་གོང་ཟི་ལིང་དུ་སྤེལ་འགོ་ཚུགས་པ་རེད། དེ་ནི་ཀྲུང་གོ་དབང་པོ་སྐྱོན་ཅན་རིག་རྩལ་ཚོགས་པས་དུས་ཡུན་ལོ་12སོང་རྗེས་སླར་ཡང་མཚོ་སྔོན་དུ་འཁྲབ་སྟོན་བྱེད་པར་ཡོང་བ་ཞིག་རེད། དེའི་དམིགས་ཡུལ་ནི་དམིགས་བསལ་གྱི་རིག་རྩལ་འཁྲབ་སྟོན་གྱི་རྣམ་པ་བརྒྱུད། སྤྱི་ཚོགས་ཡོངས་ལ་དབང་པོ་སྐྱོན་ཅན་གྱི་ཉམས་ཞན་ཚོགས་སྤྱིར་དོ་ཁུར་བྱ་རྒྱུར་འབོད་སྐུལ་བྱེད་ཆེད་རེད། མཚན་ཚོགས་མཛེས་སྡུག་ལྡན་པའི་པ་ལི་ཞབས་བྲོའི་ལག་བརྡའི་སྙན་ངག《ངའི་ཕུགས་འདུན》གྱི་རོལ་དབྱངས་ཁྲོད་འགོ་ཚུགས་པ་དང་། བཀོད་སྒྲིག་ཞིབ་ཚགས་བྱས་པའི་ལེ་ཚན་16ཡོད་པ་དེས་དབང་པོ་སྐྱོན་ཅན་གྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་དང་ཡིད་སྨོན་མཚོན་པར་བྱས་ཡོད།