འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་17ཉིན།

༄༅།།ཀྲུང་གུང་ཀྲུང་དབྱང་གིས《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་གཏན་འབེབས་
སྲོལ་ཡིག》དང《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དང་ཚད་ལྡན་རང་བཞིན་གྱི་
ཡིག་ཆ་ཐོ་བཀོད་སྙན་སེང་གི་ཞིབ་བཤེར་གཏན་འབེབས》《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་ཁྲིམས་
སྲོལ་ལག་བསྟར་འགན་འཁྲིའི་ལམ་ལུགས་གཏན་འབེབས(ཚོད་ལྟའི་ལག་བསྟར)》བཅས་བཀྲམ་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་17ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གིས་བཟོ་བཅོས་བརྒྱབ་རྗེས་ཀྱི《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་གཏན་འབེབས་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》)ཞེས་བསྡུ་རྒྱུ)དང་། 《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཐོ་བཀོད་སྙན་སེང་གི་ཞིབ་བཤེར་གཏན་འབེབས》(གཤམ་དུ《ཐོ་བཀོད་སྙན་སེང་ཞིབ་བཤེར་གཏན་འབེབས》ཞེས་བསྡུ་རྒྱུ) གསར་དུ་གཏན་འབེབས་བྱས་པའི《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལག་བསྟར་གྱི་འགན་འཁྲིའི་ལམ་ལུགསགཏན་འབེབས(ཚོད་ལྟའི་ལག་བསྟར)》(གཤམ་དུ《ཁྲིམས་སྲོལ་ལག་བསྟར་གྱི་འགན་འཁྲིའི་ལམ་ལུགས་གཏན་འབེབས》ཞེས་བསྡུ་རྒྱུ)བཅས་བཀྲམ་པ་དང་སྦྲགས་བརྡ་ཐོ་བཏང་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་བརྩི་སྲུང་དང་ལག་བསྟར་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
    བརྡ་ཐོའི་ནང་2012ལོར་ཀྲུང་གུང་ཀྲུང་དབྱང་གིས་བཀྲམ་པའི《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་གཏན་འབེབས་སྲོལ་ཡིག》དང《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཐོ་བཀོད་སྙན་སེང་གཏན་འབེབས》ཀྱིས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་ནུས་པ་གལ་ཆེན་བཏོན་ཡོད། དུས་བབ་དང་། ལས་འགན། བླང་བྱ་བཅས་གསར་པར་གཞིགས་ནས་ཏང་ཀྲུང་དབྱང་གིས་དེར་བཟོ་བཅོས་བརྒྱབ་ཡོད་ཅེས་བསྟན་ཡོད།
     བརྡ་ཐོའི་ནང་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ཏང་གི་སྒྲིག་ཡིག་རྩ་བའི་གཞི་འཛིན་སར་བྱ་རྒྱུ་མཐའ་འཁྱོངས་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་སྒྲིག་སྲོལ་བཞིན་ཏང་སྐྱོང་རྒྱུར་སྐུལ་འདེད་བཏང་སྟེ། འགན་འཁྲིའི་ཁྱབ་ཁོངས་ནང་གི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྱོང་ལས་དོན་དམ་འཛིན་ཡག་པོ་བྱེད་དགོས་པ་དང་། 《སྲོལ་ཡིག》རྩ་བའི་གཞི་འཛིན་སར་བྱས་ནས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་གཏན་འབེབས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་། སྤུས་ཚད་མཐོ་རུ་གཏོང་བའི་འགག་རྩ་དེ་དམ་འཛིན་ནན་པོ་བྱེད་པ། ལམ་ལུགས་ཀྱི་ཐོག་ནས“མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས”ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ནས་ལམ་ལུགས་ཀྱི་ཁྱོན་ཡོངས་ཀྱི་ཕན་འབྲས་ཐོན་པ་བྱེད་དགོས་པ། 《ཐོ་བཀོད་སྙན་སེང་ཞིབ་བཤེར་གཏན་འབེབས》ལག་བསྟར་ནན་ཏན་བྱས་ནས་གནད་དོན་ཡོད་ཚེ་ངེས་པར་དུ་ཐོ་བཀོད་སྙན་སེང་བྱེད་དགོས་པ་དང་། ཐོ་བཀོད་སྙན་སེང་བྱས་ཚེ་ངེས་པར་དུ་ཞིབ་བཤེར་བྱེད་དགོས་པ། ནོར་འཁྲུལ་ཡོད་ཚེ་ངེས་པར་དུ་ཡོ་བསྲང་བྱེད་དགོས་པ་བཅས་མཐའ་འཁྱོངས་བྱས་ཏེ། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དང་ཏང་གི་སྲིད་ཇུས་ཀྱི་གཅིག་གྱུར་རང་བཞིན་དང་དབང་གྲགས་རང་བཞིན་སྲུང་སྐྱོང་བྱེད་དགོས་པ། 《ཁྲིམས་སྲོལ་ལག་བསྟར་གྱི་འགན་འཁྲིའི་ལམ་ལུགས་གཏན་འབེབས》དོན་འཁྱོལ་ནན་ཏན་བྱས་ནས་རིམ་ཁག་ཏང་རྩ་འཛུགས་དང་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་ངེས་པར་དུ་ཁྲིམས་སྲོལ་ལག་བསྟར་གྱི་འདུ་ཤེས་བརྟན་པོ་བཙུགས་ནས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལག་བསྟར་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་དགོས་པ། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ལག་བསྟར་ཁྲོད་ཀྱི་གནས་ཚུལ་གལ་ཆེན་དང་གྲོས་འགོ་དུས་ཐོག་ཏུ་ཏང་ཀྲུང་དབྱང་ལ་སྙན་སེང་ཞུ་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།