འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་16ཉིན།

༄༅།།ཟླ་མཆོད་དུས་ཆེན་སྐབས་རྒྱལ་ནང་དུ་ཡུལ་སྐོར་བ་མི་ཐེངས་དུང་ཕྱུར་བརྒལ་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་16ཉིན། 13:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཡུལ་སྐོར་ཐོན་རྫས་མཁོ་འདོན་འཐུས་ཚང་ཞིང་།
    འགྲིམ་འགྲུལ་སྐྱེལ་འདྲེན་བརྟན་ཞིང་གོ་རིམ་ལྡན། 
    མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་15ཉིན། ཟླ་མཆོད་དུས་ཆེན་གྱི་གུང་གསེང་རིང་། ས་ཆ་ཁག་གི་རིག་གནས་དང་ཡུལ་སྐོར་ཐོན་རྫས་མཁོ་འདོན་འཐུས་ཚང་ཞིང་། དམངས་སྲོལ་བྱེད་སྒོ་ཕུན་སུམ་ཚོགས་ལ་རྣམ་པ་བཀྲ། ཡུལ་སྐོར་ཁྲོམ་ར་བདེ་འཇགས་ཡིན་པ་མ་ཟད་གོ་རིམ་དང་ལྡན། གྲངས་ཀ་ལྟར་ན། གུང་གསེང་རིང་རྒྱལ་ཡོངས་སུ་རྒྱལ་ནང་གི་ཡུལ་སྐོར་བ་སྣེ་ལེན་ཞུ་ཚད་མི་ཐེངས་དུང་ཕྱུར་1.05ཟིན་ཞིང་། ལོ་གོང་མའི་དུས་དང་བསྡུར་ན་7.6%འཕར། རྒྱལ་ནང་ཡུལ་སྐོར་བའི་ཡོང་འབབ་སྒོར་དུང་ཕྱུར་472.8བསགས་ཡོད། ལོ་གོང་མའི་དུས་མཉམ་དང་བསྡུར་ན་8.7%འཕར་ཡོད། འགྲིམ་འགྲུལ་བརྟན་ཞིང་བརླིང་ལ་གོ་རིམ་དང་ལྡན། སྔོན་རྩིས་ལྟར་ན་གཞུང་ལམ་ཐོག་ཏུ་མི་ཐེངས་དུང་ཕྱུར་1.49ཡི་འགྲུལ་བཞུད་ལེགས་འགྲུབ་བྱུང་།