འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་16ཉིན།

༄༅།།ཕྱུར་བའི་རྩེར་སོན་ཚོང་ལམ་གསར་སྤེལ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་16ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཧྲི་ཁྲའོ་དང་། ཀྲང་ཝུན་ཅིང་། ཝུན་ཅིང་།
    ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་འབྲིའི་འོ་མ(ཕྱུར་བ)ཉོ་ཚོང་ལྟེ་གནས་སུ་གསར་འགོད་པ་འཕྲད་མེད་ན་འབྲོག་པ་བླ་མ་རྒྱལ་གྱིས་ལོ་མང་པོ་དེ་འདྲ་ཕྱུར་བ་བཟོས་ཀྱང་རང་ཉིད་ཆུའེ་ཁྲའོ་དང་ཁ་ཧྥུའུ་སོགས་གྲགས་ཅན་ཁེ་ལས་དང“འབྲེལ་བ་དམ་ཟབ”ཡོད་པ་ད་དུང་ཤེས་མི་སྲིད།
     སྔོན་ཆད་འབྲོག་པ་མང་ཆེ་བ་དང་འདྲ་བར་བླ་མ་རྒྱལ་གྱིས་ཕྱུར་བ་བཤོ་བའམ་ཡང་ན་སྐམ་གྱི་ཡོད། ཕྱུར་བ་སྐམ་རྗེས་འབྲོག་པའི་རྒྱུན་གཏན་བཟའ་བཅའམ་ཡང་ན་དཔྱིད་འགོར་ཕྱུགས་རིགས་ཀྱི་ལྟོ་སྣོན་བྱེད་ཀྱི་ཡོད།
    བླ་མ་རྒྱལ་ནི་ཀན་ལྷོ་ཀྲོའུ་ཀླུ་ཆུ་རྫོང་མཚོ་ཉིན་གྲོང་རྡལ་ཇ་ཚང་གྲོང་ཚོ་ནས་རེད། ཁུལ་དེ་ནི་རང་རྒྱལ་གྱི“ཁུལ་གསུམ་དང་ཀྲོའུ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་ཆ་ཤས་ཤིག་རེད།
    ཀན་ལྷོ་ཀྲོའུ་གཙོས་གྲོང་ཁྱེར་དུ་གནས་པའི་ཁེ་ལས་དེས་ཚན་རྩལ་གསར་གཏོད་ལ་བརྟེན་ནས་ལག་རྩལ་ཞིབ་སྤེལ་ཚོགས་པ་བཙུགས་ཏེ་ཀྲུང་གོའི་གྲགས་ཅན་མཐོ་སློབ་དང་ཚན་ཞིབ་ཁང་སོགས་སྒྲིག་གཞི་དང་མཉམ་འབྲེལ་གྱིས་ལག་རྩལ་ཞིབ་སྤེལ་གྱི་མཉམ་ལས་བྱས་ནས་ཕྱུར་བའི་ཞོར་སྣོན་རིན་ཐང་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ་དང་ཕྱུར་བའི“རྩེར་སོན”ཚོང་ལམ་གསར་སྤེལ་བྱས་ཡོད།
     ཁོང་ཚོའི་དབར་ཉོ་ཚོང་གི་འབྲེལ་བ་ཁོ་ན་མིན་པར། ཁེ་ལས་དེས་ཕྱུར་བའི་ཉོ་ཚོང་ལྟེ་གནས་བཏོད་པ་མ་ཟད། གྲོང་གསེབ་ཏུ་ཉོ་སྒྲུབ་ས་ཚིགས་བཙུགས་ནས་འབྲོག་པ་ཁེ་ལས་ཀྱི་ལས་མིར་བསྡུས་པ་དང་ཕྱུར་བ་གཅིག་གྱུར་ཉོ་སྒྲུབ་བྱེད་ཀྱི་ཡོད།
    ཧྭ་ལིང་དཀར་ཆུའི་ཐོན་རྫས་ཚོགས་པའི་ཏུང་ཧྲི་ཀྲང་མིན་ཝུན་ཞང་གིས་ངོ་སྤྲོད་བྱས་པར། ལོ་མང་འཕེལ་རྒྱས་བཏང་བ་བརྒྱུད་ཁེ་ལས་ལ“ཀུང་སི་དང་། རྟེན་གཞི། མཉམ་ལས་ཁང་། འབྲོག་དུད་བཅས་ཟུང་དུ་སྦྲེལ་བའི”ཐོན་ལས་ཅན་གྱི་གཉེར་སྐྱོང་བྱེད་སྟངས་གྲུབ་ནས། ཞིང་འབྲོག་པ་དང་ཐོན་ལས་སྐུལ་ཁྲིད་ཀྱི་ཕུགས་ཕན་ལམ་སྲོལ་བརྟན་པོ་ཞིག་བཙུགས་ཡོད། ལྷག་པར་དུ་ཕྱུར་བ་དེ་ཉིད་ཕྱུག་འགྱུར་གྱི་གཞི་རྟེན་ཞིག་ལ་གྱུར་ནས་དེའི་རིན་གོང་ཐོག་མའི་སྤྱི་རྒྱ་རེར་སྒོར་1.2ནས་མཐོ་ཤོས་སྐབས་སྤྱི་རྒྱ་རེར་སྒོར་53བར་འཕར་ཏེ་ལྡབ་44མང་དུ་ཕྱིན་ཡོད་ཅེས་བཤད།
    མིན་ཝུན་ཞང་གིས་ཧྭ་ལིང་དཀར་ཆུའི་ཐོན་རྫས་ཚོགས་པས་རིམ་རྩིས་བྱས་ན། འབྲོག་ཁུལ་གྱི་མ་བཅོས་རྒྱུ་ཆ་ཉོ་སྒྲུབ་ལ་བཏང་བའི་དངུལ་འབོར་སྒོར་དུང་ཕྱུར་86ཟིན་ནས་ཀན་སུའུ་དང་། མཚོ་སྔོན། སི་ཁྲོན་སོགས་ཞིང་ཆེན་ལྔའི་བོད་རིགས་ས་ཁུལ་གྱི་འབྲོག་དུད་ཁྲི་10.6གི་མི་ཁྲི་53ལྷག་ཙམ་གྱིས་གསོ་ཚགས་ལས་རིགས་འཕེལ་རྒྱས་གཏོང་རྒྱུར་སྐུལ་ཁྲིད་བྱས་ཡོད། དེའི་ནང་ཀན་ལྷོ་ཀྲོའུ་ཡི་འབྲོག་དུད་ཁྲི་2.95ལ་སྐུལ་ཁྲིད་བྱས་ཡོད་པ་རེད།
     མིག་སྔར། གཙོས་གྲོང་ཁྱེར་གྱི་འབྲིའི་འོ་མ་དང་ཕྱུར་བའི་ཐོན་ལས་ཀྱིས་འབྲོག་པ་མང་ཚོགས་དུད་ཚང་གི་ལོའི་ཆ་སྙོམས་ཁེ་གཙང་ཡོང་འབབ་མང་དུ་འགྲོ་བར་ལེགས་སྐྱེས་འབུལ་ཚད་45%ཟིན་ཡོད།