འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་16ཉིན།

༄༅།།ལོ་ངོ་70ཡི་རིང་ཀྲུང་གོ་བ་ཕྱི་རྒྱལ་དུ་འགྲོ་སྟབས་སྔར་བས་བདེ་རུ་སོང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་16ཉིན། 10:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ལམ་ཡིག་དྲད་པ་དང་། རང་འགུལ་པར་ལེན། རང་འགུལ་འགག་སྒོ་སྒྲོལ་བ་སོགས་པེ་ཅིང་རྒྱལ་སའི་རྒྱལ་སྤྱིའི་གནམ་ཐང་གི་རྒྱལ་མཚམས་ནས་ཐོན་སར་ཅི་ལིན་ནས་ཡིན་པའི་ཤེ་ཧྲའོ་ཕུང་གིས་པར་གཞི་གསར་པའི་ལམ་ཡིག་དཀྱུས་མ་འཁྱེར་ཏེ་ཏི་པའེ་རུ་བསྐྱོད་རྒྱུ་ཡིན་པ་དང་། དེ་ནི་ཁོང་གིས་ཉིན་ཤས་གོང་སྐབས་འཕྲལ་གཏན་འཁེལ་བྱས་པ་ཞིག་རེད།
    ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ནི་2018ལོར་ཀྲུང་གོ་དང་ཐོངས་མཆན་འགོད་མི་དགོས་པའི་གསར་འཕར་རྒྱལ་ཁབ་བཞིའི་གྲས་ཤིག་ཡིན་ཞིང་། གཞན་ཡང་ད་དུང་བྷོ་ཧེར་དང་། བྷེ་ཨུ་རུ་སུ། ཁ་ཐར་བཅས་ཡོད། ཡོངས་བསྒྲགས་གྲངས་གཞི་ལས་མངོན་པར་ཐོངས་མཆན་འགོད་མི་དགོས་པ་དེས་ལོ་ལྟར་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏུ་སྐྱོད་མཁན་ཀྲུང་གོའི་ཡུལ་སྐོར་བ་ཁྲི་100དང་ས་མཚམས་ནས་འགྲོ་འོང་བྱེད་མཁན་འགྲུལ་པ་ཁྲི་350ལ་ཕན་པ་ཐོབ་ཡོད་པ་རེད།
    དེ་སྔ་ཐོངས་མཆན་འགོད་མི་དགོས་པ་ལྟ་ཞོག་རྒྱལ་ཁབ་ཀྱི་སྒོ་མོ་ནས་ཐོན་རྒྱུ་དེའང་མི་སེར་དཀྱུས་མའི་ངོས་ནས་བཤད་ན་བསམ་མི་ཕོད་པ་ཞིག་རེད། འཛམ་གླིང་དང་འབྲེལ་བ་དེ་བས་ཟབ་ཏུ་ཕྱིན་པ་དང་། ཀྲུང་གོ་ཉིན་བཞིན་འཛམ་གླིང་གི་གར་སྟེགས་དབུས་སུ་བསྐྱོད་པ་དང་སྦྲགས། ཀྲུང་གོའི་སྤྱི་དམངས་ཕྱི་རྒྱལ་དུ་འགྲོ་བདེ་རུ་སོང་ཡོད་པ་རེད།
     ལམ་ཡིག“ཆུང་ངུ”ལས་འགྱུར་ལྡོག“ཆེན་པོ”མངོན་པ།
     རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་སྤྱི་དམངས་རྒྱལ་མཚམས་ནས་འགྲོ་འོང་དོ་དམ་སིའི་སི་ཀྲང་མིན་ཧའེ་ཡུན་གྱིས་ངོ་སྤྲོད་བྱས་པར། ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་སྒྱུར་བཅོས་སྒོ་དབྱེ་མ་བྱས་གོང་གི་ལོ་30ཙམ་རིང་། ལོ་རེར་ཆ་སྙོམས་ལམ་ཡིག་དཀྱུས་མ་7000ལས་སྤྲོད་ཀྱི་མེད། འོན་ཀྱང་ད་ཆ་2018ལོ་ཁོ་ནར་ལམ་ཡིག་དཀྱུས་མ་སྤྲོད་ཚད་ཁྲི་3008ཟིན་ཡོད། མིག་སྔ་བར། ལམ་ཡིག་དཀྱུས་མ་ཡོད་པའི་ནང་སའི་གྲོང་མི་དུང་ཕྱུར་1.8ཡོད་པ་དེས་མི་འབོར་ཡོངས་ཀྱི་13%བཟུང་ཡོད་པ་རེད།
     མིག་སྔར་ལམ་ཡིག་དཀྱུས་མ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཀྱིས་ཐོངས་མཆན་མི་འགོད་པའམ་ཡང་ན་གནས་འབྱོར་མཆན་འགོད་བྱས་ཏེ། རྒྱལ་ཁབ་དང་ས་ཁུལ་72ལ་སྐྱོད་ཆོག་པ་དང་། ཀྲུང་གོ་དང་ཐོངས་མཆན་འགོད་མི་དགོས་པའི་རྒྱལ་ཁབ་14ཁྲོད་13ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་མངོན་འགྱུར་བྱུང་བ་ཞིག་རེད།
    རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚན་ཧྲི་གོ་ལ་ཧྲིལ་པོའི་ཇུས་འདོན་ཚོགས་པའི་ལས་འཛིན་དཔོན་ཝང་ཧུའེ་ཡའོ་ཡིས། “དེ་ནི་ཀྲུང་གོས་གོ་ལ་ཧྲིལ་པོའི་འཕེལ་རིམ་ནང་གཏིང་ཟབ་ཞུགས་པ་ཞིག་ཡིན་ལ། ཕྱོགས་བསྡུས་སྟོབས་ཤུགས་དང་རྒྱལ་སྤྱིའི་ཁས་ལེན་ཐོབ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པའི་བསྡུས་རིས་ཤིག་ཀྱང་རེད”ཅེས་བཤད།
     ཕྱི་རྒྱལ་དུ་སྐྱོད་པའི་འགྲོ་ལུགས་སྟབས་བདེ་རུ་སོང་བ་དང་ཁེ་སྐྱོང་གི་སྲུང་སྐྱོང་ཐོབ་པ་དེས་ཀྲུང་གོའི་སྤྱི་དམངས“ཕྱིར་སྐྱོད་སྐབས”དེ་བས་བློ་བདེ་རུ་སོང་ཡོད། ཕྱི་རྒྱལ་དུ་ཉེན་ཁའམ་རྙོག་དྲ་འཕྲད་སྐབས་ཀྲུང་གོའི་ལམ་ཡིག་དེ་ཀྲུང་གོའི་སྤྱི་དམངས་མི་རེ་ངོ་རེ་སྲུང་སྐྱོང་བྱེད་མཁན་ཞིག་ཏུ་གྱུར་ཡོད།
     2011ལོར་ལི་པི་ཡའི་ཕྱིར་འཐེན་བྱ་སྤྱོད་ཁྲོད། སྐམ་མཚོ་མཁའ་གསུམ་མཉམ་སྐྱོད་ཀྱིས་ཉིན་12ནང་ཀྲུང་གོའི་སྤྱི་དམངས་35860བདེ་འཇགས་ངང་ཕྱིར་འཐེན་བྱས་པ་དང་། 2015ལོར་ཡེ་མེན་གྱི་ཕྱིར་འཐེན་བྱ་སྤྱོད་ཁྲོད། ཀྲུང་གོས་དམག་གྲུ་འགྲིམ་འགྲུལ་ཡོ་བྱད་གཙོ་བོར་ཐེངས་དང་པོར་བརྩིས་ཏེ་ཕྱི་རྒྱལ་ནས་ཕྱིར་སྡོད་རང་མི་ཕྱིར་འཐེན་བྱས་ཡོད། དོན་དངོས་ཀྱི་དོན་རྐྱེན་དེ་དག་ལས་བསྒྱུར་བཟོ་བྱས་པའི་གློག་བརྙན་དང་བརྙན་འཕྲིན་བརྩམས་ཆོས་ལ་དགའ་པོ་བྱེད་མཁན་ཧ་ཅང་མང་པོ་ཡོད།
     འཛམ་གླིང་རྒྱ་ཆེ་བའི་ཁར་ཕྱི་རྒྱལ་དུ་སྐྱོད་རྒྱུ་དེ་བས་སྟབས་བདེ་དང་བདེ་འཇགས་ལྡན་པར་གྱུར་བས་མི་དེ་བས་མང་བས་སྔར་ལས་མང་ཞིང་རིང་བའི་ས་ཆར་སྐྱོད་འདོད་བྱེད་ཀྱི་ཡོད་པ་རེད།