འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་12ཉིན།

༄༅།།ཤང་ཀང་གི་བུད་མེད་སྐུ་ཚབ་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་
འཛིན་ལྷན་ཚོགས་ཀྱི་ཚོགས་འདུའི་ཐོག་ཤང་ཀང་གི་མི་ངན་གཏུམ་སྤྱོད་ཅན་གྱི་དྲག་
པོའི་ཁྲིམས་འགལ་བྱེད་སྤྱོད་ལ་རྒོལ་གཏམ་དྲག་པོ་བཏང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་12ཉིན། 13:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཤང་ཀང་གི་བུད་མེད་སྐུ་ཚབ་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་
འཛིན་ལྷན་ཚོགས་ཀྱི་ཚོགས་འདུའི་ཐོག་ཤང་ཀང་གི་མི་ངན་གཏུམ་སྤྱོད་ཅན་གྱི་དྲག་
པོའི་ཁྲིམས་འགལ་བྱེད་སྤྱོད་ལ་རྒོལ་གཏམ་དྲག་པོ་བཏང་བ།
    མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་11ཉིན། ཀྲུང་གོའི་ཤང་ཀང་གི་ལས་རིགས་ཁག་གི་བུད་མེད་མཉམ་འབྲེལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཧོ་ཁྲའོ་ཆུང་གིས་སྐབས་42པའི་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་སྤྱི་བཏང་རང་བཞིན་གྱི་རྩོད་གླེང་དུམ་མཚམས་སུ་གཏམ་བཤད་སྤེལ་ནས། ཉེ་ཆར་ཤང་ཀང་དུ་ཐོན་པའི་ཁྲིམས་འགལ་གྱི་དྲག་ཤུགས་བྱེད་སྤྱོད་ལ་རྒོལ་གཏམ་དྲག་པོ་བཏང་བ་རེད།
    ཧོ་ཁྲའོ་ཆུང་གིས་ཤང་ཀང་གི་ཐལ་སྐྱོད་དྲག་ཤུགས་པ་ཁག་གཅིག་གིས་དྲག་པོའི་བྱེད་སྤྱོད་མུ་མཐུད་ཇེ་ཆེར་བཏང་བར་རྒོལ་གཏམ་དྲག་པོ་བཏང་བ་རེད། ཁོང་གིས། ཟླ་6ཚེས་9ཉིན་ནས་བཟུང་། ཤང་ཀང་དུ་རྔམ་སྟོན་ཁྲོམ་སྐོར་ཐེངས་130ལྷག་ཙམ་གྱི་ཟང་ཟིང་དཀའ་ངལ་འཕྲད་པ་དང་། དེའི་ནང་གི་ཐེངས་110དོན་མེད་ཀྱི་དྲག་ཤུགས་དང་ཁྲིམས་འགལ་གྱི་བྱེད་སྤྱོད་དུ་གྱུར་བས།  ཆོང་ཁང་ཆུང་གྲས་བརྒྱ་ཕྲག་མང་པོ་སྒོ་རྒྱག་དགོས་བྱུང་བ་དང་། མི་མང་པོ་དེའི་རྐྱེན་གྱིས་ལས་ཀ་ཤོར་ཡོད་ཅེས་བཤད་པ་རེད།
    "ཕྲུ་གུ་ཚོ་དེ་ལྟར་བེད་སྤྱོད་བྱས་པར་ང་ཚོས་བཟོད་བསྲན་བྱ་ཐབས་བྲལ་ཡོད།  རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྒྲིག་འཛུགས་བྱེད་མཁན་མི་དེ་ཚོ་དང་ཁོང་ཚོར་ཤུགས་རྐྱེན་ངན་པ་སྤྲོད་མཁན་མི་དེ་ཚོར་རྒོལ་གཏམ་དྲག་པོ་གཏོང་རྒྱུའི་རེ་འབོད་བྱ་རྒྱུ་ཡིན་""འཁོན་འགྲས་དང་དྲག་པོའི་ཐལ་སྐྱོད་རིང་ལུགས་ངན་སྐུལ་བྱས་ན་ང་ཚོས་དགའ་ཞེན་བྱེད་པ་དང་། བརྟན་ལྷིང་གི་གྲོང་ཁྱེར་དེར་གཏོར་སྐྱོན་ཚབས་ཆེན་བཟོ་རྒྱུ་ལས་མེད"ཅེས་བཤད་པ་རེད།  
༄༅།།ཤང་ཀང་གི་བུད་མེད་སྐུ་ཚབ་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་
འཛིན་ལྷན་ཚོགས་ཀྱི་ཚོགས་འདུའི་ཐོག་ཤང་ཀང་གི་མི་ངན་གཏུམ་སྤྱོད་ཅན་གྱི་དྲག་
པོའི་ཁྲིམས་འགལ་བྱེད་སྤྱོད་ལ་རྒོལ་གཏམ་དྲག་པོ་བཏང་བ།