འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་12ཉིན།

༄༅།།ཀོང་པེ་དང་ནན་ཉིང་འགག་སྒོས་མཉམ་འབྲེལ་ཐོག་སྟོངས་ལ་ཉེ་བའི་སྲོག་ཆགས་དང་དེ་ལས་
བཟོས་པའི་ཐོན་རྫས་300ཙམ་མངའ་ཁོངས་ནང་ལྐོག་འདྲེན་བྱས་པ་རྩད་ཆོད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་12ཉིན། 13:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཀོང་པེ་དང་ནན་ཉིང་འགག་སྒོས་མཉམ་འབྲེལ་ཐོག་སྟོངས་ལ་ཉེ་བའི་སྲོག་ཆགས་དང་དེ་ལས་
བཟོས་པའི་ཐོན་རྫས་300ཙམ་མངའ་ཁོངས་ནང་ལྐོག་འདྲེན་བྱས་པ་རྩད་ཆོད་པ།
     མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་11ཉིན། ཀོང་པེ་འགག་སྒོས་ཚེས་11ཉིན་ཁྱབ་བསྒྲགས་བྱས་དོན། འགག་སྒོ་དེས་ཉེ་ཆར་ནན་ཉིང་འགག་སྒོ་དང་མཉམ་འབྲེལ་ཐོག་ལྐོག་འདྲེན་འཛིན་བཟུང་གི་བྱ་སྤྱོད་སྤེལ་བ་དང་། བ་སོ་དང་། སྟག དོམ་བཅས་རྒྱུ་ཆར་བྱས་ནས་བཟོས་པའི་ཐོན་རྫས་སོགས་སྟོངས་ལ་ཉེ་བའི་སྲོག་ཆགས་དང་དེ་བཞིན་དེ་ལས་བཟོས་པའི་ཐོན་རྫས་མངའ་ཁོངས་ནང་ལྐོག་འདྲེན་བྱས་པའི་གྱོད་གཞི་རྩད་ཆོད་པས།   ཐེངས་གཅིག་ལ་ལྐོག་འདྲེན་ཚོགས་པ་7གཏོར་ཞིང་། གྱོད་འབྲེལ་མི་སྣ་40འཛིན་བཟུང་བྱས་པ་དང་། བ་སོ་དང་། སྟགས་ལྤགས། བསེ་རུའི་རྭ་ཅོ་སོགས་སྟོངས་ལ་ཉེ་བའི་སྲོག་ཆགས་དང་དེ་ལས་བཟོས་པའི་ཐོན་རྫས་300ལྷག་ཙམ་རྩད་ཆོད་ཐུབ་ཡོད་པས། གྱོད་དོན་རིན་ཐང་སྒོར་ཁྲི་8000ལྷག་ཙམ་ཟིན་ཡོད།
 མིག་སྔར། གྱོད་གཞི་དེ་ད་དུང་སྔར་བས་བརྟག་དཔྱད་བྱེད་བཞིན་ཡོད་པ་རེད།