འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་12ཉིན།

༄༅༎ཀྲུང་གོ་གསར་འགོད་པའི་མཐུན་ཚོགས་ཀྱི་གསར་འགྱུར་ཇ་སྟོན་ཚོགས་འདུའི་ཐོག་དབུལ་སྒྲོལ་འགག་སྒྲོལ་ལ་དམིགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་12ཉིན། 10:50】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་9ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཚེས་10ཉིན། ཀྲུང་གོ་གསར་འགོད་པའི་མཐུན་ཚོགས་ཀྱིས་པེ་ཅིང་དུ་གསར་འགྱུར་ཇ་སྟོན་ཚོགས་འདུ་ཐེངས་133པ་འཚོགས་ཏེ། པེ་ཅིང་དགེ་འོས་སློབ་ཆེན་ཀྲུང་གོ་དབུལ་སྐྱོར་ཞིབ་འཇུག་ཁང་གི་ཡོན་ཀྲང་ཀྲང་ཆི་གདན་དྲངས་ནས“ཀྲུང་གོའི་དབུལ་སྒྲོལ་འགག་སྒྲོལ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། པེ་ཅིང་དུ་བཅའ་སྡོད་ཕྱི་རྒྱལ་གྱི་གསར་འགོད་པ་དང་། ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཆེ་མོ་ཁང་གི་གསར་འགྱུར་དཔོན། ཀང་ཨའོ་ཐའེ་གསར་འགོད་པ། ནང་སའི་གསར་འགོད་པ་བཅས་དང་སྤེལ་རེས་བྱས་པ་རེད།
     “2020ལོར་སླེབས་སྐབས་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་དབུལ་སྒྲོལ་དང་རྫོང་དབུལ་པོ་དབུལ་ཞྭ་འབུད་ཐུབ་པ། ས་ཁོངས་རང་བཞིན་གྱི་སྤྱི་ཡོངས་དབུལ་ཕོངས་ཐག་གཅོད་ཡོང་བ་བཅས་བྱ་རྒྱུ་ནི་ང་ཚོས་སྒྲུབ་དགོས་པའི་དམིགས་ཚད་ཡིན”ཞེས་ཀྲང་ཆིས་བརྗོད་པ་དང་། ཁོང་གིས་དེའི་ཆེད་རང་རྒྱལ་གྱིས་སྲིད་ཇུས་དང་། བྱ་སྤྱོད། ལས་གྲྭ་སོགས་མང་པོ་ལག་ལེན་བསྟར་བས། དབུལ་སྒྲོལ་འགག་སྒྲོལ་ལ་ཐག་གཅོད་རང་བཞིན་གྱི་འཕེལ་རིམ་བྱུང་ནས་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཉུང་གཏོང་དང་། དབུལ་པོ་ཐོན་ཚད་ཉུང་གཏོང་། རྫོང་དབུལ་པོའི་དབུལ་ཞྭ་འབུད་པ། དབུལ་ཕོངས་གྲོང་ཚོ་ཕྱིར་འཐེན་སོགས་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། འཕེལ་རིམ་དེར་གཞིགས་ན། 2020ལོར་སླེབས་སྐབས་དུས་བཀག་ལྟར་དབུལ་སྒྲོལ་གྱི་དམིགས་ཚད་མངོན་འགྱུར་ཡོང་ཐུབ་ཅེས་བརྗོད་པ་རེད།