འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་12ཉིན།

༄༅༎ཕྱི་དངུལ་དོ་དམ་ཅུས་ཀྱིས་ཚད་ལོན་པའི་ཕྱི་རྒྱལ་གྱི་མ་འཇོག་མཁན་གྱི་མ་འཇོག་བསྡོམས་འབོར་གྱི་ཚད་བཀག་
མེད་པ་བཟོས་ནས་དངུལ་རྩའི་ཁྲོམ་ར་ཕྱི་ཕྱོཌ་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བརྗོད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་12ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་9ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཚེས་10ཉིན། རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་ཀྱིས་ཚད་ལོན་པའི་ཕྱི་རྒྱལ་མ་འཇོག་མཁན(QFII)དང་མི་དམངས་ཤོག་སྒོར་གྱི་ཚད་ལོན་པའི་ཕྱི་རྒྱལ་སྒྲིག་གཞིའི་མ་འཇོག་མཁན(RQFII)(གཤམ་ལ་མཉམ་དུ“ཚད་ལོན་པའི་ཕྱི་རྒྱལ་མ་འཇོག་མཁན”ཞེས་བསྡུ་རྒྱུ)གྱི་མ་འཇོག་བསྡོམས་འབོར་གྱི་ཚད་བཀག་མེད་པ་བཟོ་རྒྱུའི་གཏན་འབེབས་བྱས་པ་རེད། སླད་ཕྱིན། དེ་མཚུངས་ཀྱི་ཐོབ་ཐང་ལྡན་པའི་ཕྱི་རྒྱལ་གྱི་སྒྲིག་གཞིའི་མ་འཇོག་མཁན་གྱིས་ཐོ་འགོད་བྱས་ན་དེ་མ་ཐག་རང་བརྟེན་ངང་མ་དངུལ་འཇོག་ཐུབ་ནས་གཏན་འབེབས་དང་མཐུན་པའི་དངུལ་འཛིན་མ་འཇོག་བྱེད་ཆོག་པས་ཕྱི་རྒྱལ་གྱི་མ་འཇོག་མཁན་མངའ་ཁོངས་ནང་གི་དངུལ་རྩའི་ཁྲོམ་རར་ཞུགས་པའི་སྟབས་བདེའི་རང་བཞིན་སྔར་བས་ཆེ་རུ་འགྲོ་རྒྱུ་དང་ཀྲུང་གོའི་བུན་འཛིན་ཁྲོམ་ར་དང་རྐང་དངུལ་ཁྲོམ་རའང་དེ་བས་ཡག་ཏུ་ཕྱིན་ནས་རྒྱལ་སྤྱིའི་ཁྲོམ་རས་དེ་བས་རྒྱ་ཁྱབ་ངང་དང་ལེན་བྱ་རྒྱུ་རེད།
     ཕྱི་དངུལ་དོ་དམ་ཅུས་ཀྱི་གསར་འགྱུར་མགྲིན་ཚབ་པ་སྤྱི་ཁྱབ་འདུ་འགོད་པ་ཝང་ཁྲུན་དབྱིང་གིས“ད་ཐེངས་ཀྱི་ཚད་ལོན་པའི་ཕྱི་རྒྱལ་གྱི་མ་འཇོག་མཁན་གྱི་མ་འཇོག་བསྡོམས་འབོར་གྱི་ཚད་བཀག་མེད་པ་བཟོ་སྐབས་RQFIIཡི་ཚོད་ལྟའི་རྒྱལ་ཁབ་དང་ས་ཁུལ་གྱི་ཚད་བཀག་ཀྱང་ཆབས་ཅིག་ཏུ་མེད་པ་བཟོས་ཡོད། ཆ་རྐྱེན་དང་མཐུན་པའི་གོ་ལ་ཧྲིལ་པོའི་ས་གནས་ཁག་གི་ཕྱི་རྒྱལ་གྱི་སྒྲིག་གཞིས་ཕྱི་རྒྱལ་གྱི་མི་དམངས་ཤོག་སྒོར་སྤྱད་དེ་མངའ་ཁོངས་ནང་གི་དངུལ་འཛིན་ལ་མ་འཇོག་བྱ་རྒྱུའི་དགའ་བསུ་ཞུ་རྒྱུ་ཡིན། RQFIIཡི་ཚོད་ལྟའི་རྒྱལ་ཁབ་དང་ས་ཁུལ་གྱི་ཚད་བཀག་མེད་པ་བཟོས་པ་དེས་ཕྱི་རྒྱལ་གྱི་མ་འཇོག་མཁན་གྱིས་མངའ་ཁོངས་ནང་གི་དངུལ་འཛིན་ཁྲོམ་རར་མ་འཇོག་བྱེད་རྒྱུར་སྔར་བས་སྟབས་བདེ་བསྐྲུན་ནས་རང་རྒྱལ་གྱི་དངུལ་རྩའི་ཁྲོམ་རའི་སྒོ་མོ་འབྱེད་ཤུགས་ཆེ་རུ་འགྲོ་རྒྱུར་ཕན་པ་ཡོད”ཅེས་བརྗོད་པ་རེད།