འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་10ཉིན།

༄༅།།“ང་དང་ངའི་མེས་རྒྱལ་ཞེས་པའི་པར་རིས་དང་བརྙན་ལམ་ཐུང་ངུའི་ཕུལ་བྱུང་བརྩམས་ཆོས་
འགྲེམས་སྟོན”བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་10ཉིན། 10:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་9ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་8ཉིན་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ཀྲུང་དབྱང་ཤེས་དཔལ་སྲོལ་གཏོད་གཞུང་དོན་ཁང་། སློབ་གསོ་པུའུ། རིག་གནས་དང་ཡུལ་སྐོར་པུའུ། ཀྲུང་གོའི་རིག་རྩལ་ལྷན་ཚོགས། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་བཅས་ཀྱིས་གཙོ་གཉེར་བྱས་པ་དང་། ཀྲུང་གོའི་པར་ལེན་མཁས་ཅན་མཐུན་ཚོགས་ཀྱིས་གཉེར་འགན་འཁུར་བའི“ང་དང་ངའི་མེས་རྒྱལ”ཞེས་པའི་པར་རིས་དང་བརྙན་ལམ་ཐུང་ངུའི་ཕུལ་བྱུང་བརྩམས་ཆོས་འགྲེམས་སྟོན”པེ་ཅིང་དམངས་འཚོ་དེང་རབས་མཛེས་རྩལ་ཁང་དུ་འགོ་ཚུགས་པ་རེད།
    ད་རེས་ཀྱི་འགྲེམས་སྟོན་ཐོག་བཤམས་པའི་པར་རིས་་དང་བརྙན་ལམ་ཐུང་ངུའི་བརྩམས་ཆོས་400ཙམ་ནི་གྲགས་ཅན་པར་ལེན་མཁས་ཅན་གྱི་ས་ནས་ཆེད་མངགས་བསྡུ་རུབ་བྱས་པ་མ་ཟད་དེ་བཞིན་རྩོམ་བསྡུའི་པར་རིས་བརྩམས་ཆོས་ཁྲི་13ཙམ་དང་བརྙན་ལམ་ཐུང་ངུ་3000ལྷག་ཙམ་ཁྲོད་ནས་འདེམས་སྒྲུག་བརྒྱབ་པ་ཞིག་རེད། གཙོ་བོ“མི་སྒེར”དང“རྒྱལ་ཁབ”ཀྱི་འབྲེལ་བའི་མཐོང་ཚོར་ཐོག་ནས་ལོ་70ཡི་རིང་ཀྲུང་གོ་གསར་པ་ཡར་ལངས་པ་དང་། ཕྱུག་པོ་ཆགས་པ། སྟོབས་ཆེན་ཆགས་པ་བཅས་བར་གྱི་རླབས་ཆེན་གྱི་མཆོང་སྐྱོད་གསོན་ཉམས་དོད་པོས་མངོན་པ་དང་། ལོ་70ཡི་རིང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་མི་རྣམས་ཀྱིས་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་གསར་གཏོད་བྱས་པའི་རླབས་ཆེའི་གྲུབ་འབྲས་དང་ལྷག་པར་དུ་གྲོང་ཁྱེར་དང་གྲོང་རྡལ་ཅན་དཔེ་གསར་འཛུགས་སྐྲུན་དང་། གཙོ་གནད་འདུ་འགོད་འཛུགས་སྐྲུན། དབུལ་སྐྱོར་འགག་སྒྲོལ། མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན། སྔོ་ཞིང་དྭངས་བའི་རི་ཆུ་སྲུང་སྐྱོང་སོགས་ཐད་ལ་ལེགས་སྐྱེས་ཕུལ་བ་མངོན་པ་དང་། དུས་རབས་གསར་པའི་ཀྲུང་གོ་བའི་འཚོ་བ་སྐྱེལ་སྟངས་དང་བསམ་པའི་ཉམས་འགྱུར་མངོན་པ་མ་ཟད་ཀྲུང་གོ་བ་དཀྱུས་མའི་མཐོང་ཚོར་གྱི་ཐོག་ནས་དུས་སྐབས་དེའི་མི་སྒེར་དང་། ཁྱིམ་ཚང་། མེས་རྒྱལ་བཅས་ཀྱི་འཕེལ་རྒྱས་ཀྱི་འབྲེལ་བའང་མངོན་པར་བྱས་ཡོད། ཀྲུང་གོའི་རིག་རྩལ་ལྷན་ཚོགས་ཏང་ཙུའི་ཁོངས་མི་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཏུང་ཡའོ་ཕུང་གིས་ཀྲུང་དབྱང་དྲིལ་བསྒྲགས་པུའི་མཛུབ་ཁྲིད་འོག“ང་དང་ངའི་མེས་རྒྱལ”གྱི་རྩོམ་བསྡུའི་བྱེད་སྒོ་ཆེ་གྲས་2019ལོའི་ཟླ་དང་པོར་སྤེལ་བ་ནས་བཟུང་སྤྱི་ཚོགས་ལས་རིགས་ཁག་གིས་རྒྱ་ཁྱབ་ངང་ཞུགས་ཡོད། རྩོམ་ཡིག་སྐུར་མཁན་གྱི་གྲས་སུ་ཆེད་ལས་ཀྱི་རིག་རྩལ་གསར་རྩོམ་མཁན་ཡོད་ལ། བཟོ་པ་དང་། ཞིང་པ། དགེ་རྒན། སྨན་པ། ཉེན་རྟོག་པ། ད་སྐུལ་དམག་མི། ལས་ཁུངས་ཀྱི་ལས་བྱེད་པ། སློབ་གྲྭར་སྐྱོད་མུས་ཀྱི་སློབ་མ་སོགས་རིག་རྩལ་ལ་དགའ་ཞེན་བྱེད་མཁན་ཡང་ཡོད། གཞན་ཡང་ཁུའེ་ཀྲི་དང་། ཧྲེན་ཐེ་མེ། ཁྲེན་ཀྲེན་ལན་སོགས་རིག་རྩལ་མཁས་ཅན་མང་པོ་ཡང་ཡོད། དེས་མ་ཟད་རྒྱ་རིགས་ཡོད་ལ་ད་དུང་དབྱིས་རིཌ་དང་། མེའོ་རིཌ། ཀྲོང་རིགས། ཧུད་རིགས། མན་ཇུ་རིགས་སོགས་གྲངས་ཉུང་མི་རིགས་མང་པོ་ཡོད། ཀྲུང་གུང་ཏང་ཡོན་ཡོད་ལ་མང་ཚོགས་དཀྱུས་མའང་ཡོད་པས་དེར་ཞུགས་མཁན་མང་བ་དང་རྩོམ་ཡིག་བསྐུར་བའི་གྲངས་འབོར་མང་བ་སོགས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་ཡོད། བྱེད་སྒོ་ལས་སྤྱི་ཚོགས་ཀྱི་ཤུཌ་རྐྱེན་རྒྱ་ཁྱབ་ཐོན་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བར་རྣམ་པ་བཟང་པོ་བཏོད་ཡོད་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། 2019ལོའི་ཟླ་དང་པོ་ནས་བཟུང“ང་དང་ངའི་མེས་རྒྱལ”གྱི་རྩོམ་ཡིག་དང་། པར་རིས། བརྙན་ལམ་ཐུང་ངུ་བཅས་བསྡུ་བའི་བྱེད་སྒོ་ཆེ་གྲས་ཀྱིས་རྒྱལ་ཡོངས་ལ་ཕྱོགས་ནས་འབྲེལ་ཡོད་བརྩམས་ཆོས་བསྡུ་རུབ་བྱས་ཏེ་ཟླ་6པའི་ཟླ་མཇུག་ལ་མཇུག་འགྲིལ་ཡོད། ལོ་ཕྱེད་རིང་རྩོམ་རིག་རིགས་ཀྱི་བརྩམས་ཆོས་ཁྲི་14ལྷག་ཙམ་དང་། པར་རིས་བརྩམས་ཆོས་ཁྲི་13ལྷག་ཙམ། བརྙན་ལམ་ཐུང་ངུ་3000ལྷག་ཙམ་བཅས་བསྡུ་རུབ་ཐུབ་ཡོད།