འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་9ཉིན།

༄༅།།མི་རིགས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པས་སྒྲིག་འཛུགས་ཨུ་ལྷན་གྱི་ཚང་འཛོམས་
ཚོགས་འདུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་09ཉིན། 13:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་8ཉིན། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཀྱི་སྒྲིག་འཛུགས་ཨུ་ལྷན་གྱི་ཚང་འཛོམས་ཚོགས་འདུ་དང་འཐུས་མི་ཚོགས་པའི་ཚོགས་གཙོའི་ཚོགས་འདུ་ཚེས་8ཉིན་ཧོ་ནན་ཞིང་ཆེན་ཀྲེང་ཀྲོའུ་རུ་འཚོགས་པ་རེད།
 རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ། རྒྱལ་ཁབ་མི་རིགས་ཨུ་ལྷན་གྱི་ཀྲུའུ་རེན། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པའི་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པ་ཐེར་གྱིས། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ནི་རང་རྒྱལ་གྱི་ཁྲིམས་ཀྱིས་གཏན་འཁེལ་བའི་ལུས་རྩལ་འགྲན་བསྡུར་ཞིག་ཡིན་ལ།  མི་རིགས་ཁག་གི་མི་དམངས་ཀྱིས་མཉམ་དུ་རྟེན་འབྲེལ་ཞུ་བ་དང་མཉམ་དུ་རོལ་བའི་གཟབ་རྒྱས་ཀྱི་དུས་ཆེན་ཞིག་རེད། ལུས་རྩལ་འགྲན་ཚོགས་ཀྱི་རྣམ་གྲངས་ཁག་གི་ལས་དོན་གྱིས་“ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུ་ཤེས་དམ་དུ་འཆང་རྒྱུ་”གཙོ་བོར་བཟུང་བས། ལུས་རྩལ་འགྲན་ཚོགས་དེ་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་དར་སྤེལ་དང་། ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་གཟབ་རྒྱས་ཆེ་བའི་འགྲན་ཚོགས་ཤིག་ཡིན་ལ། “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག   གཅིག་སེམས་གཅིག་འབྲེལ་ངང་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད”ཅེས་པའི་རྣམ་པ་ཟབ་མོ་བསྐྲུན་ནས། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་ལེགས་སྐྱེལ་འབུལ་དགོས་ཞེས་བརྗོད་པ་རེད་།