འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་9ཉིན།

༄༅།།རྒྱལ་སྟོན་བྱེད་སྒོའི་འཁྲབ་སྦྱོང་ཐེངས་དང་པོ་བདེ་བླག་ངང་མཇུག་སྒྲིལ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་09ཉིན། 13:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་8ཉིན། གསར་འགོད་པས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་གསར་འགྱུར་ལྟེ་གནས་ནས་ཤེས་རྟོགས་བྱུང་གསལ། ཟླ་9ཚེས་7ཉིན་གྱི་ཆུ་ཚོད་23ནས་ཚེས་8ཉིན་གྱི་ཐོ་རེངས་བར། པེ་ཅིང་གནམ་བདེ་སྒོ་མོ་ཆེ་རུ་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་མཉམ་འབྲེལ་འཁྲབ་སྦྱོང་ཐེངས་དང་པོ་སྤེལ་བ་དང་། མི་ཁྲི་9ཙམ་འཁྲབ་སྦྱོང་ལ་ཞུགས་ཤིང་ཡུལ་དངོས་ཀྱི་འགན་སྲུང་ལས་ཀར་ཞུགས། 
ཤེས་རྟོགས་བྱུང་བར་གཞིགས་ན། འཁྲབ་སྦྱོང་ཐེངས་དང་པོར་ཚོགས་ཆེན་གྱི་མཛད་སྒོ་དང་། དམག་གཟིགས། མང་ཚོགས་ཁྲོམ་སྐོར། མཉམ་འབྲེལ་བྱེད་སྒོ། ཡུལ་བརྗེ་བ། འཕྲལ་བསྟུན་བཀོད་སྒྲིག་སོགས་རྣམ་གྲངས་དྲུག་འདུས་ཡོད།