འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་9ཉིན།

༄༅༎བོད་ལྗོངས་ཀྱི་མི་419རྒྱལ་ཡོངས་མི་རིགས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པར་ཞུགས།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་09ཉིན། 13:50】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པ(བསྡུས་མིང་ལ་“རྒྱལ་ཡོངས་མི་རིགས་ལུས་རྩལ་འགྲན་ཚོགས་”ཞེས་བརྗོད)ཟླ་9ཚེས་8ནས་16ཉིན་བར་ཧོ་ནན་ཀྲེང་ཀྲོའུ་རུ་འཚོག་རྒྱུ་ཡིན། ད་ཐེངས་ཀྱི་མི་རིགས་ལུས་རྩལ་འགྲན་ཚོགས་ཀྱིས“དུས་རབས་གསར་པར་མདུན་སྐྱོད་བྱེད། ཀྲུང་ཡོན་ས་ཁུལ་ངོ་མཚར་ཆེ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ལ། བོད་ལྗོངས་ཀྱིས་མི་419ལས་གྲུབ་པའི་འཐུས་མི་ཚོགས་པ་སྐབས་འདིའི་ལུས་རྩལ་འགྲན་ཚོགས་ནང་ཞུགས་པར་བཏང་བ་དང་། འགྲན་སྡུར་རྣམ་གྲངས་13དང་འཁྲབ་སྟོན་རྣམ་གྲངས་10ཡི་འགྲན་སྡུར་ནང་ཞུགས་རྒྱུ་ཡིན་པ་རེད། 
     ལུས་རྩལ་འགྲན་ཚོགས་རིང་། བོད་ཀྱི་འཐུས་མི་ཚོགས་པ་གླང་པོ་གཉའ་རྩལ་དང་། མདའ་འཕེན། རྐང་པ་མཐོན་པོས་མྱུར་ཚད་འགྲན་པ། མི་རིགས་ཀྱི་དྲག་རྩལ། མི་རིགས་རྣམ་པའི་སྦེ་ག མི་རིགས་ཀྱི་ལུས་སྦྱོང་ལུས་རྩལ། མི་རིགས་ཀྱི་རྟ་རྩལ་སོགས་འགྲན་སྡུར་རྣམ་གྲངས་13ལ་ཞུགས་རྒྱུ་རེད། དེ་དང་ཆབས་ཅིག་འཐུས་མི་ཚོགས་པས་ད་དུང་སྒྲ་ལྡན་མདའ་མོ་དང་། བོད་པའི་མིག་མངས། གནའ་བོའི་ཤང་ན་ཤིའུ་སོགས་རྣམ་གྲངས་10འཁྲབ་སྟོན་རྣམ་གྲངས་ཀྱི་འགྲན་སྡུར་ནང་ཞུགས་རྒྱུ་རེད། 
     གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པའི་རྟ་རྩལ་རྣམ་གྲངས་དེ་ཟླ་7ཚེས་12ནས་17ཉིན་བར་ནང་སོག་ཧུའུ་ཧི་ཧའོ་ཐེ་གྲོང་ཁྱེར་དུ་སྤེལ་ཟིན་པ་རེད། 1991ལོར་རྒྱལ་ཡོངས་མི་རིགས་ལུས་རྩལ་འགྲན་ཚོགས་སྐབས་བཞི་པའི་ནང་ཞུགས་ཚུན་བོད་ལྗོངས་ཀྱི་མི་རིགས་སྲོལ་རྒྱུན་རྟ་རྩལ་རུ་ཁག་གིས་སྔ་རྗེས་སུ་རྒྱལ་ཡོངས་མི་རིགས་ལུས་རྩལ་འགྲན་ཚོགས་སྐབས་ལྔ་པ་དང་། སྐབས་དྲུག་པ། སྐབས་བདུན་པ། སྐབས་དགུ་པ་བཅས་ཀྱི་རྟ་ཐོག་མདའ་འཕེན་རྣམ་གྲངས་ཀྱི་བྱ་དགའ་ཨང་དང་པོ་བླངས་པ་དང་། མི་རིགས་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པ་དང་། སྐབས་བརྒྱད་པ། སྐབས་དགུ་པའི་རྟ་ཐོག་ཁ་བཏགས་ལེན་པའི་རྣམ་གྲངས་ཀྱི་བྱ་དགའ་ཨང་དང་པོ་བླངས་ནས་རྟ་ཐོག་རྣམ་གྲངས་གསུམ་གྱི་རུ་ཁག་སྟོབས་ཆེན་གྱི་གནས་བབ་གཏན་ཁེལ་བྱས་པ་རེད། སྐབས་འདིའི་རྒྱལ་ཡོངས་མི་རིགས་ལུས་རྩལ་འགྲན་ཚོགས་ཀྱི་རྟ་རྩལ་རྣམ་གྲངས་ཁྲོད་བོད་ལྗོངས་ཀྱི་འཐུས་མི་རུ་ཁག་ལ་བྱ་དགའ་ཨང་དང་པོ་1དང་། བྱ་དགའ་ཨང་གཉིས་པ3། བྱ་དགའ་ཨང་གསུམ་པ་4བཅས་ཐོབ་པས། འགོ་ཚུགས་པ་ནས་གྲུབ་འབྲས་བཟང་པོ་ཐོབ་ཡོད།