འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་9ཉིན།

༄༅༎དཀའ་ངལ་ཁྱད་དུ་བསད། དམངས་ལ་ཕན་བདེ་བསྐྲུན།

—— གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་ཀྲང་ཡན་ཀང་གི་སྐོར་བཀོད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་09ཉིན། 11:52】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     དཀའ་སྡུག་ལ་མི་སྐྲག་པ། སྲིད་ཇུས་དོན་འཁྱོལ་མ་བྱུང་དོགས་ལ་སྐྲག་པ།
     ཧྲའན་ཤིས་ཞིང་ཆེན་དབྱི་ཁྲོན་རྫོང་ཡུན་ཡན་གྲོང་རྡལ་ཤིན་ཧུའུ་གྲོང་ཚོར། ཁྱད་ལྡན་གྱི་སྡོད་ཁང་གྲལ་སྟར་འགྲིག་ཅིང་ལྡུམ་རའི་ནང་གི་ཤིང་འབྲས་འབྲས་བུའི་ཁུར་གྱིས་མགོ་བོ་དུད་པའི་ངང་ཚུལ་མཐོང་སྐབས། ལོ་30ཡི་གོང་དེ་ཁུལ་ནི་ལུང་སྟོང་ཞིག་ཡིན་པ་སུ་ཡི་ཡིད་ལ་འཁོར་སྲིད།
     ལོ་30ཡི་རིང་། “སྐྲག་པ”གསུམ་དང“མི་སྐྲག་པ”གསུམ་བརྒྱུད་རིམ་ཧྲིལ་པོ་དང་མཉམ་འདྲེས་བྱས་ཡོད། གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་ཀྲང་ཡན་ཀང་གི་ལས་ཀའི་ཐོག་མཐའ་བར་གསུམ་དུ་བརྒྱུད་ཡོད།
     ལས་འགན་ཁུར་རྗེས་ཀྱི་མང་ཚོགས་ཀྱི་ཚོགས་ཆེན་དང་པོའི་ཐོག ཀྲང་ཡན་ཀང་གིས་ཡུལ་མི་རྣམས་ལ་འཐུང་ཆུ་དང་། གློག་སྒྲོན། ལམ་བུ་བཅས་ཀྱི་གནད་དོན་གསུམ་ཐག་གཅོད་བྱ་རྒྱུའི་ཁས་ལེན་བྱས་ཤིང་། དེ་དག་ནི་མི་སེར་གྱིས་དོ་ཁུར་ཆེན་པོ་བྱེད་པའི་དོན་ཆེན་ཤ་སྟག་ཡིན་ལ། ཁ་ཚ་དགོས་གཏུག་གི་དོན་དག་ཅིག་ཀྱང་ཡིན་པ་རེད།
     ཚོགས་འདུ་འཚོགས་རྗེས་ཀྱི་ཉིན་གཉིས་པར། ཀྲང་ཡན་ཀང་གིས་ཁྱིམ་ནས་སྒོར་7400ཁྱེར་ཏེ་གྲོང་ཁྱེར་དུ་སྒྲིག་ཆས་ཉོ་བར་བསྐྱོད། གྲོང་ཚོའི་སྐྱེས་ཕོ་མོ་རྒན་གཞོན་ཚང་མས་ལས་ཀར་ཞུགས་ཤིང་། ན་གཞོན་ཤེད་ཤུགས་ཆེ་བ་ཚོས་ཡུར་བུའི་ནང་གི་རྡོ་རྣམས་བཏོན་པ་དང་ལོ་རྒན་པ་ཚོས་ཆུ་རྫིང་དང་མདོང་ལམ་བཟོས་པས། མཐར་ཉིན་དྲུག་ནང་བེད་མེད་དུ་བསྐྱུར་བའི་ཆུ་འདྲེན་སྒྲིག་ཆས་ཀྱི་བྱེད་ནུས་སླར་གསོ་བྱུང་སྟེ་ཆུ་ཀ་ལ་ཐད་ཀར་གྲོང་ཚོ་དང་དུད་ཚང་དུ་འཁྲིད་ཐུབ་པ་བྱུང་།
     དེ་ལས་བྱ་དཀའ་བྱེད་གཏད་ཆེ་བ་ནི་གློག་སྒྲོན་གྱི་འདུ་འགོད་ཡིན་ཞིང་། འཛུགས་སྐྲུན་གྱི་མ་དངུལ་ཁ་ཐང་བས་ཀྲང་ཡན་ཀང་གཅིག་པུ་རྫོང་དུ་ཁུལ་རྙིང་གཞུང་ལས་ཁང་གི་འགོ་ཁྲིད་འཚོལ་བར་བསྐྱོད་དེ་ཉིན་གང་འཛུགས་སྐྲུན་གྱི་མ་དངུལ་མཁོ་སྒྲུབ་བྱས་ནས་བསྡད། འགོ་ཁྲིད་ཀྱིས་གཞོན་སྐྱེས་དེའི་དམངས་ལ་ལས་དོན་སྒྲུབ་པའི་ཧུར་སེམས་མཐོང་བས་རྫོང་ནས་སྒོར་ཁྲི་5ཐག་གཅོད་བྱས་པ་རེད།
     ལས་མིའི་གླ་ཆ་གྲོན་ཆུང་བྱེད་ཆེད། ཀྲང་ཡན་ཀང་གིས་སྣེ་ཁྲིད་དེ་གློག་ཤིང་108རྐང་རེ་རེ་བྱས་ནས་དབོར་བ་དང་། དེ་རྗེས་གྲོང་ཚོ་བར་གྱི་གཞུང་ལམ་སྤྱི་ལེ་10དེའང་ཚང་མས་ཧུར་ཐག་འབད་ཐག་བྱས་ནས་བཟོས་པ་རེད།
     ཁ་དགྲ་སྣ་དགྲ་གསོག་པར་མི་སྐྲག་པ། མང་ཚོགས་མགྱོགས་མྱུར་ཕྱུག་པོ་མི་ཆགས་དོགས་ལ་སྐྲག་པ།
     “གྲོང་ཚོ་དབུལ་པོ་ཡིན་པའི་རྩ་བ་དེ་ཐོན་ལས་ངོ་དྲགས་པ་མེད་པས་རེད”ཕྱོགས་མང་རྟོག་ཞིབ་བྱས་རྗེས། ཀྲང་ཡན་ཀང་དང་གྲོང་ཚོ་ཨུ་ལྷན་གྱིས་ཀུ་ཤུའི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུའི་ཐག་བཅད།
     ས་སེར་མཐོ་སྒང་ནི་ཀུ་ཤུའི་ཐོན་ཁུལ་ལེགས་པོ་ཞིག་རེད། འོན་ཀྱང་དུས་རབས་གོང་མའི་ལོ་རབས་90པའི་འགོར་གྲོ་དང་ཨ་ཤོམ། འབྲུ་རིགས་དཀྱུས་མ་བཅས་འདེབས་རྒྱུར་གོམས་པའི་ཤིན་ཧུའུ་གྲོང་ཚོའི་གྲོང་མིའི་ངོས་ནས་བརྗོད་ན། ཀུ་ཤུ་འདེབས་རྒྱུ་ནི་བྱ་བ་གསར་པ་ཞིག་ཡིན་པས་ལམ་སེང་དང་ལེན་བྱེད་ཐབས་བྲལ།
     ཀྲང་ཡན་ཀང་གིས“སྐབས་དེ་དུས་རྒྱབ་སྐྱོར་བྱེད་མཁན་ཧ་ལམ་མི་འདུག ཀུ་ཤུའི་སྡོང་པོ་སྒོ་འགྲམ་དུ་བསྐྱལ་ན་ཡང་ལེན་མཁན་མི་འདུག”ཅེས་བརྗོད། དེས་ན་ཁོང་གིས་གྲོང་ཚོའི་ས་ཞིང་མུའུ་200བོགས་མར་བླངས་ནས་སྔོན་ལ་དཔེ་སྟོན་བྱས། མང་ཚོགས་ཚོའི་སེམས་ཁྲལ་སེལ་ཆེད། ཀྲང་ཡན་ཀང་གིས་གྲོང་མི་ཕྱིར་ལྟ་སྐོར་ལ་འཁྲིད་པ་དང་ཆབས་ཅིག འབྲས་ཤིང་རིགས་གཅིག་མཁས་ཅན་གྲོང་ཚོའི་ནང་སློབ་ཚན་འཁྲིད་པར་གདན་དྲངས་པ་མ་ཟད། ཐེམ་དུད་རེ་རེ་བཞིན་ལ་འབྲུ་རིགས་རྒྱ་མ་གང་ལ་སྒོར་ཟུར་བཞི་དང་ཀུ་ཤུ་རྒྱ་མ་གང་ལ་སྒོར་ཟུར་གཉིས་རེད། ཀུ་ཤུ་ཐོན་འབབ་མུའུ་གཅིག་ལས་རྒྱ་མ་7000ཡིན་པར་ཆ་བཞག་ན་ལོ་གཅིག་ལ་ཀུ་ཤུ་བཏབ་པའི་ཡོང་འབབ་དེ་སྔོན་ཆད་ལོ་བཅུ་གྲངས་འབྲུ་རིགས་བཏབ་པ་ལས་ལེགས་པ་ཡོད་པའི་སྐོར་བཤད།
     མཐར་དུད་ཚང་18ཀྱི་གྲོང་མི་སེམས་པ་མགུ་ནས་ཀུ་ཤུའི་སྡོང་པོ་བཏབ་པ་རེད།
     ཀྲང་ཡན་ཀང་གིས“1997ལོར་ཀུ་ཤུ་མུའུ་གཅིག་ལས་ཡོང་འབབ་སྒོར་2200ལྷག་བྱུང་བ་དང་། གྲོང་མིས་ཡོང་འབབ་ལ་རྩིས་ཤིག་རྒྱག་སྐབས་དེ་ནི་འབྲུ་རིགས་བཏབ་པ་ལས་ལྡབ་བཅུས་མང་བ་ཡོད་པ་ཤེས་པས་ཚང་མས་ཧབ་ཐོབ་བརྒྱབ་ནས་ཀུ་ཤུ་བཏབ་ཡོད”ཅེས་བརྗོད། འདེབས་འཛུགས་རྒྱ་ཁྱོན་ཆེ་རུ་གཏོང་ཆེད། ཀྲང་ཡན་ཀང་གིས་སྒོར་ཁྲི་13.5བཏོན་ཏེ། ས་འཕུལ་འཕྲུལ་འཁོར་གཉིས་ཉོས་ནས་གྲོང་ཚོའི་ས་ཁོད་སྙོམས་པ་དང་ལོ་ལྟར་འདེབས་འཛུགས་རྒྱ་ཁྱོན་མུའུ་སུམ་བརྒྱ་བཞི་བརྒྱ་ཙམ་ཆེ་རུ་བཏང་ཡོད།
     ལེགས་སྐྱེས་འབུལ་རྒྱུར་མི་སྐྲག་པ། འབྱོར་འབྲིང་གི་ལམ་བུའི་ཐོག་གྲོང་མི་ལུས་དོགས་ལ་སྐྲག་པ།
     “དབུལ་སྒྲོལ་འགག་སྒྲོལ་གྱི་ལམ་བུའི་ཐོག་མི་སུ་ཞིག་ཀྱང་ལུས་མི་རུང་བས། ཕྲག་ཐོག་གི་འགན་འཁྲི་ལྕི་པོ་རེད་སྙམ་གྱི་འདུག”ཅེས་ཀྲང་ཡན་ཀང་གིས་བརྗོད། 2016ལོར་དབྱི་ཁྲོན་གྱི་ས་ཆ་མང་པོར་སེར་བའི་གནོད་འཚེ་ཡང་སེ་ཕོག་པས། རྫོང་གིས་ཁ་གསབ་སྲིད་ཇུས་བཏོན་ནས་སེར་འགོག་དྲ་རྒྱ་བསྐྲུན་རྒྱུའི་ལས་འགན་སྤྲད་པ་རེད། འོན་ཀྱང་། མང་ཚོགས་མང་པོ་ཞིག་ལ་སེར་འགོག་དྲ་རྒྱ་བསྐྲུན་རྗེས་ཁ་གསབ་མ་རག་དགོས་ཀྱི་སེམས་ཁྲལ་བྱུང་། དེར་བརྟེན་ཀྲང་ཡན་ཀང་གིས་རང་གི་མིང་ཐོག་ནས་དངུལ་བུན་སྒོར་ཁྲི་60གཡར་ཏེ་མང་ཚོགས་ལ་དྲ་བ་ཉོས་པ་རེད། ལོ་དེར་ཤིན་ཧུའུ་གྲོང་ཚོས་སེར་འགོག་དྲ་རྒྱ་མུའུ་1600བསྐྲུན་ཏེ་ཀུ་ཤུར་རང་བྱུང་གི་གནོད་འཚེ་མི་ཕོག་པ་བྱས་ཡོད།
     རང་དང་འདྲ་བའི་རོགས་པ་ཚོ་ལས་གྲྭ་འགན་གཙང་བླངས་ནས་ད་ལྟ་ཕྱུག་པོ་ཆགས་པ་མཐོང་སྐབས་ཀྲང་ཡན་ཀང་གིས་ང་འགྱོད་པ་རྩ་བ་ནས་སྐྱེ་མྱོང་མེད། “མི་གཅིག་རང་ཕྱུག་པོ་ཆགས་ན་དོན་སྙིང་ཅི་ཡོད”ཏང་ཞུགས་དམ་བཅའི་ནང‘བློས་གཏོང’ཞེས་པའི་ཡིག་འབྲུ་གཉིས་ཡོད་པས། དུས་རབས་གསར་པའི་གྲོང་ཚོའི་ལས་བྱེད་པ་ནི་ལེགས་སྐྱེས་འབུལ་རྒྱུར་མི་སྐྲག་པར་མང་ཚོགས་ཀྱི་ཁེ་ཕན་ཆེད་དུ་སྒེར་གྱི་ཁེ་ཕན་བློས་གཏོང་ཕོད་པ་ཞིག་དགོས་ཞེས་བརྗོད།