འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་9ཉིན།

༄༅༎ཚན་རྩལ་གྱི་རོགས་སྐྱོར་ལས་ཧྲང་ཧའེ་ཡི་སྐྲུན་དངོས་རྙིང་པ་ཆིག་སྟོང་ལྷག་ཙམ་གྱི་བྱུང་རིམ་ལྟ་ཉན་ཆོག་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་09ཉིན། 11:17】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཧྲང་ཧའེ་ནས་གློག་འཕྲིན་འབྱོར་གསལ། ལག་ཐོགས་ཁ་པར་ཁྱེར་ནས་སྐྲུན་དངོས་ཀྱི་ཕྱིའི་རྩིག་པའམ། ཡང་ན་ཉེ་འཁོར་དུ་བཀོད་སྒྲིག་བྱས་པའི་རྩ་གཉིས་ཨང་རྟགས་བཤེར་ན། སྐྲུན་དངོས་དེའི་བྱུང་རིམ་ལག་ཐོགས་ཁ་པར་གྱི་བརྙན་ཤེལ་ཐོག་འཆར་གྱི་ཡོད་པས། ཡུལ་སྐོར་བས་ཡི་གེ་ལྟ་ཀློག་དང་། སྒྲ་ལམ་ཉན་པ། དངོས་ལྗོངས་པར་རིས་དང་བརྙན་ལམ་དང་ཐ་ན་VRཡི་ཡུལ་ལྗོངས་ཧྲིལ་པོར་བལྟས་ནས་སྐྲུན་དངོས་དེའི་གཞི་རྩའི་ཆ་འཕྲིན་དང་། ལོ་རྒྱུས་དང་གཏམ་རྒྱུད། རིག་གནས་ནང་དོན་བཅས་རྒྱུས་ལོན་བྱེད་ཆོག
     ཚེས་4ཉིན། ཧྲང་ཧའེ་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་ཁྱབ་བསྒྲགས་བྱས་དོན། 2018ལོར་ཧྲང་ཧའེ་ཧོང་ཕུའུ་དང་། ཅིང་ཨན། ཞུས་ཧུའེ། ཁྲང་ཉིང་། ཧུང་ཁོའུ། དབྱང་ཧྥུའུ་བཅས་ལྟེ་བའི་གྲོང་ཁུལ་དྲུག་ཏུ“སྐྲུན་དངོས་ཀྱི་བྱུང་རིམ་ཀློག་ཆོག་པའི”འབྲེལ་ཡོད་བྱེད་སྒོ་སྤེལ་ཚུན། སྐྲུན་དངོས་1298ལ་རྩ་གཉིས་ཨང་རྟགས་བཀོད་སྒྲིག་བྱས་པ་དང་། རྩ་གཉིས་ཨང་རྟགས་བཤེར་ཏེ་ལྟ་ཀློག་དང་། སྐྲུན་དངོས་ཧྲིལ་པོ་དབྱེ་འབྱེད། གནས་ཡུལ་ཞབས་ཞུ། སྒུལ་སྐྱོད་ཉེར་སྤྱོད་སོགས་ལག་རྩལ་གྱིས་གྲོང་མིའི་ཡུལ་སྐོར་སྤྲོ་གསེང་གི་ཉམས་ལེན་བྱེད་སྟངས་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་ཡོད།
     ཚན་རྩལ་གྱི་རོགས་སྐྱོར་ལས་ཧྲང་ཧའེ་ཡི་སྐྲུན་དངོས་རྙིང་པ་སྔར་ལས་མང་བས་གྲོང་མི་དང་ཡུལ་སྐོར་བར་སྒོ་མོ་ཕྱེ་ཡོད། མིག་སྔར། ལྟེ་བའི་གྲོང་ཁུལ་དྲུག་གི་སྐྲུན་དངོས་རྙིང་པ་བསྡོམས་1032སྒོ་ཕྱེ་བ་དག་ན་ནིང་གི་ལྡབ་10ཙམ་ཡིན་པ་དང་། ད་ལོའི་ལོ་སྟོད་དུ་སྐྲུན་དངོས་དེ་དག་གིས་ཡུལ་སྐོར་བ་མི་ཐེངས་ཁྲི་764.63ལ་སྣེ་ལེན་ཞུས་ཡོད་པ་རེད།