འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་6ཉིན།

༄༅༎2019ལོའི་དབུལ་སྒྲོལ་འགག་སྒྲོལ་གྱི་ལྟ་ཞིབ་སྐོར་ཞིབ་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་06ཉིན། 12:11】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་གསར་འགོད་པས་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་ནས་ཤེས་རྟོགས་བྱས་པར། ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གིས་2019ལོའི་དབུལ་སྒྲོལ་འགག་སྒྲོལ་གྱི་ལྟ་ཞིབ་སྐོར་ཞིབ་ལས་དོན་སྤེལ་ཞིང་། བཀོད་སྒྲིག་གཞིར་བཟུང་། དེའི་ཁྲོད་ཧྲའན་ཤིས་ཞིང་ཆེན་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་སྐོར་ཞིབ་ཟླ་7པའི་ཟླ་དཀྱིལ་ནས་སྤེལ་བ་རེད།
     རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གི་འབྲེལ་ཡོད་འགན་ཁུར་བས། ད་ཐེངས་ཀྱི་ལྟ་ཞིབ་སྐོར་ཞིབ་ཀྱི་ལས་འགན་གཙོ་བོ་ནི་དབུས་ནུབ་རྒྱུད་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་22ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་དཔྱད་ཞིབ་སོགས་ཀྱི་ཐད་ཤེས་རྟོགས་བྱུང་བའི་གནད་དོན་དག་ཐེར་ལས་དོན་ལ་ལྟ་ཞིབ་སྐོར་ཞིབ་བྱ་རྒྱུ་དང་། 2018ལོར་རྫོང་དབུལ་པོ་ནས་ཕྱིར་འཐེན་པའི་རྫོང་ལ་འཐེན་བཤེར་བྱས་ཏེ་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སྒྱུར་བཅོས་ལས་དོན་ལ་མཛུབ་ཁྲིད་བྱེད་པ། བསམ་འཆར་དང་གྲོས་འགོ་འདོན་པ་བཅས་བྱ་རྒྱུ་རེད་ལ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་དང་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་སོགས་ཀྱི་གནས་ཚུལ་ལྟ་ཞིབ་སྐོར་ཞིབ་ཀྱི་ནང་དོན་གཙོ་བོར་འཛིན་རྒྱུ་རེད། ལྟ་ཞིབ་སྐོར་ཞིབ་ཚོགས་ཆུང་22དེ་དག་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མིས་རུ་སྣེ་ཁྲིད་རྒྱུ་དང་། འབྲེལ་ཡོད་ཚན་པའི་མི་སྣ་སྐོང་འཐེན་བྱས་ནས་གྲུབ་པ་དང་དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་མི་སྣ་གདན་དྲངས་ཡོད། ལྟ་ཞིབ་སྐོར་ཞིབ་དེ་ཡུལ་དངོས་སུ་བརྟག་ཞིབ་དང་། ལྐོག་ཞིབ་འཐེན་བཤེར། ཐེར་འདོན་ལ་བདག་སྤྲོད་སོགས་ཀྱི་བྱེད་ཐབས་ཐོག་ནས་སྤེལ་རྒྱུ་རེད།