འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་24ཉིན།

༄༅༎ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་རིམ་སྤེལ་
གླེང་སྟེགས་ཀྱི་བྱེད་སྒོ་ཐེངས་བཞི་པ་སྤེལ་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་06ཉིན། 11:04】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་ཆེད། ཚེས་4ཉིན་གྱི་སྔ་དྲོར། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་ཨུ་ལྷན། ཀྲུང་དབྱང་དམག་ཨུད་ཆབ་སྲིད་ལས་དོན་པུའུ། པེ་ཅིང་གྲོང་ཨུད་བཅས་ཀྱིས་མཉམ་འབྲེལ་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་རིམ་སྤེལ་གླེང་སྟེགས་ཀྱི་བྱེད་སྒོ་ཐེངས་བཞི་པ་སྤེལ་ཞིང་། དམག་དཔུང་གི་སྔོན་ཐོན་དཔེ་བཟང་མི་སྣ་5གདན་དྲངས་ཏེ་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བ་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལྷུག་གླེང་བྱས་པ་མ་ཟད། རང་གིས་དངོས་སུ་བརྒྱུད་མྱོང་བའི་དམག་དཔུང་སྟོབས་ཆེར་ཕྱིན་པའི་གཏམ་རྒྱུད་དང་ཟུང་འབྲེལ་བྱས་ཏེ་དྲ་དམངས་དང་མཉམ་དུ་དྲ་ཐོག་ཏུ་སྤེལ་རེས་བྱས་པ་རེད།
     རྒྱལ་ཁབ་སྟོབས་ཆེ་ཡོང་བར་ངེས་པར་དུ་དམག་དཔུང་སྟོབས་ཆེར་གཏོང་དགོས་པ་དང་། དམག་དཔུང་སྟོབས་ཆེར་སོང་ཚེ་གཞི་ནས་རྒྱལ་ཁབ་བརྟན་ལྷིང་ཡོང་ཐུབ། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70སོང་ཚུན་རང་རེའི་དམག་དཔུང་གིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་ཏེ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་ལམ་བུའི་ཐོག་བསྐྱོད་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་མང་པོ་ལེགས་སྒྲུབ་བྱས་པ་དང་། ཏང་གིས་དུས་རབས་གསར་པར་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་མངོན་འགྱུར་དང་མི་དམངས་དམག་དཔུང་དེ་འཛམ་གླིང་གི་དམག་དཔུང་རྩེ་གྲ་ཞིག་ཏུ་ཕྱོགས་ཡོངས་ནས་བསྐྲུན་པའི་བརྗིད་ཆེའི་རྒྱང་སྐྱོད་ལམ་བུའི་ཐོག་བསྐྱོད་ཡོད། གླེང་སྟེགས་ཐོག་དམག་དཔུང་གི་སྔོན་ཐོན་དཔེ་བཟང་མི་སྣ་5ཡིས་ལྟད་མོ་བ་དང་རྒྱ་ཆེའི་དྲ་དམངས་ལ་མི་དམངས་དམག་དཔུང་རྒྱུན་ཆད་མེད་པར་འཕེལ་རྒྱས་སྟོབས་ཆེར་སོང་བ་དང་། རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་བསྐྱོད་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུ་བརྗོད་ཅིང་། གསར་བརྗེའི་དམག་མི་མི་རབས་མང་པོས་གསར་བརྗེའི་ས་བོན་རྒྱུན་འཛིན་དང་དམག་དཔུང་སྟོབས་ཆེར་གཏོང་བའི་འགན་འཁྲི་ལྕི་པོ་འཁུར་བའི་ཆོད་སེམས་དང་། བློ་སྟོབས་དང་། རླབས་ཆེན་གྱི་ལག་ལེན་མངོན་པར་བྱས་པ་རེད།