འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་5ཉིན།

༄༅༎ལྷ་ཉིང་ལྕགས་ལམ་ལྷོ་ཁ་གྲོང་ཁྱེར་རྩེད་ཐང་མེ་འཁོར་བབས་ཚུགས་བར་བཏིང་ཟིན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་05ཉིན། 15:41】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་བཟོ་པས་ལྷོ་ཁ་གྲོང་ཁྱེར་རྩེད་ཐང་མེ་འཁོར་བབས་ཚུགས་སུ་ལྕགས་ལམ་འདིང་བཞིན་པ།
འདི་ནི་བཟོ་པས་ལྷོ་ཁ་གྲོང་ཁྱེར་རྩེད་ཐང་མེ་འཁོར་བབས་ཚུགས་སུ་ལྕགས་ལམ་འདིང་བཞིན་པ།
     ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཟླ་9ཚེས་2ཉིན་ཟམ་རྒྱག་འཕྲུལ་འཁོར་ནས་སྒྲ་འུར་འུར་དུ་གྲགས་པ་དང་བསྟུན་ནས་རིང་ཚད་ལ་སྨི་25ཡོད་པའི་ལྕགས་གདན་རྐང་42དལ་བུར་བཏིང་སྟེ་བབས་ཚུགས་ཀྱི་ལམ་ཐིག་དང་སྦྲེལ་མཐུད་བྱས་པ་དེ་ཐོག་ནས་ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་ལྷོ་ཁ་གྲོང་ཁྱེར་རྩེད་ཐང་མེ་འཁོར་བབས་ཚུགས་བར་བདེ་བླག་ངང་བཏིང་ཟིན་པ་མཚོན་ཡོད།
     གསར་འགོད་པར་བོད་ལྗོངས་ལྕགས་ལམ་འཛུགས་སྐྲུན་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་7པ་བར་ལྷ་ཉིང་ལྕགས་ལམ་གྱི་ཕུག་ལམ་འཛུགས་སྐྲུན་གྱིས་རིམ་རྩིས་བྱས་ན་ཕུག་ལམ་སྨི་207550ལེགས་གྲུབ་ཟིན་ནས་འཆར་འགོད་ཀྱི་95%ལེགས་གྲུབ་ཟིན་པ་དང་དེ་བྱིངས་ཀྱི་ཕུག་ལམ་10འདི་ལོའི་ལོ་མཇུག་ཏུ་ཚང་མ་ཏལ་འབིགས་ཐུབ་རེ་ཡོད་པ་རེད། 2018ལོའི་ཟླ་10པར་ལྷ་ཉིང་ལྕགས་ལམ་བཏིང་འགོ་བཙུགས་ཚུན་མིག་སྔའི་བར། Tདབྱིབས་ཟམ་རྟེན་1006བསྐྲུན་ཟིན་ནས་ལྕགས་ལམ་བཏིང་བའི་ལམ་ཚད་ཀྱིས་ལས་འགན་སྒྲུབ་ཚད་ཀྱི་22%བཟུང་བ་དང་། འདི་ལོའི་ལོ་མཇུག་ཏུ་ཟངས་རི་རྫོང་བར་བཏིང་ནས་2020ལོའི་ལོ་མཇུག་ཏུ་ལམ་ཐིག་ཧྲིལ་པོ་བཏིང་ཟིན་པ་བྱ་རྒྱུ་རེད།