འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་3ཉིན།

༄༅༎སློབ་འགོ་ཚུགས་པའི་སློབ་ཚན་དང་པོར་རྒྱལ་གཅེས་ཀྱི་སློབ་ཚན་ཚོགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་03ཉིན། 13:51】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
པར་རིས་འདི་ནི་དམག་སྦྱོང་འཁྲབ་སྟོན་གྱི་ཡུལ་དངོས་ཡིན་པ།
པར་རིས་འདི་ནི་དམག་སྦྱོང་འཁྲབ་སྟོན་གྱི་ཡུལ་དངོས་ཡིན་པ།
     མི་དམངས་དྲ་བའི་འཕྲིན། དམག་དོན་གྱི་རྩལ་ནུས་སློབ་སྦྱོང་དང་། དམག་དོན་གྱི་བྱང་ཚད་གསོ་སྐྱོང་། དམག་སྒར་གྱི་འཚོ་བ་ཉམས་ལེན། ཁྱིམ་ཚང་དང་རྒྱལ་ཁབ་ལ་བཅང་བའི་བརྩེ་སེམས་གསོ་སྐྱོང་བཅས་བྱེད་པ། ཟླ་8ཚེས་25ཉིན། དམག་སྦྱོང་གིས་དར་མདོ་སློབ་འབྲིང་གི་སྐབས་2022པའི་མཐོ་འབྲིང་ལོ་རིམ་དང་པོའི་སློབ་མ་གསར་པའི་མཐོ་འབྲིང་འཚོ་བའི་སློབ་ཚན་དང་པོ་དེ་འགོ་བཙུགས་པ་རེད། དམག་སྦྱོང་བྱས་པ་བརྒྱུད་སློབ་མའི་ལུས་པོར་སྦྱོང་བརྡར་སྤྲས་པ་དང་།  སློབ་མའི་སྙིང་སྟོབས་ལ་སྦྱོང་བརྡར་སྤྲས་པས། སློབ་མ་གསར་པ་ཚོས་བསམ་པའི་ཉམས་འགྱུར་གསར་རྐྱང་གི་ཐོག་ནས་སློབ་དུས་གསར་པར་བསུ་བ་ཞུས་པ་རེད། ཟླ་9ཚེས་1ཉིན། སློབ་གྲྭ་དེར་འཚོགས་པའི་སློབ་མ་གསར་པའི་དམག་སྦྱོང་མཉམ་འཁྲབ་ནང་“ན་གཞོན་དམག་མི”1000ལྷག་ཙམ་གྱིས་གོམ་པ་འགྲིག་པོ་དང་། ཉལ་ཆས་ལྟེབ་པ། ལག་བརྡའི་འཁྲབ་སྟོན། དམག་རྩལ་དང་གྲི་རྩལ་བཅས་ཀྱི་ཐོག་ནས་དཀར་མཛེས་ཀྱི་གཞོན་ནུ་སློབ་མ་ཚོའི་དཔའ་ཉམས་མངོན་པར་བྱས་ཡོད།