འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་3ཉིན།

༄༅༎ལྷ་སའི་ཞོ་སྟོན་རིང་ཚོང་འགུགས་མ་འདྲེན་གྱི་གན་འཇོག་དངུལ་འབོར་སྒོར་དུང་ཕྱུར་197ལས་བརྒལ་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་03ཉིན། 13:51】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཚེས་31ཉིན། ལྷ་སའི་ཞོ་སྟོན་གྱི་ཚོང་འགུགས་མ་འདྲེན་འོས་སྦྱོར་ཚོགས་འདུ་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག་མ་འཇོག་རྣམ་གྲངས་46ལ་གན་རྒྱ་བཞག་པས། ཁྱོན་བསྡོམས་མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར་197.32ཟིན་ཡོད། གན་འཇོག་རྣམ་གྲངས་དེ་དག་ཡུལ་སྐོར་དང་། ཚན་རྩལ། རིག་གནས། ཟས་རིགས་དང་སྨན་རྫས། ཞིང་ལས་གསར་སྤེལ། ཐོན་རྫས་ལས་སྣོན་སོགས་ཁྱབ་ཁོངས་མང་པོར་ཁྱབ་ཡོད།
     ལྷ་ས་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ལིའུ་ཀོང་མིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་འོས་སྦྱོར་ཚོགས་འདུའི་ཐོག་གན་འཇོག་རྣམ་གྲངས་46ཡོད་པའི་ནང་གན་རྒྱ་དངོས་སུ་བཞག་པའི་རྣམ་གྲངས་31ཡོད་ཅིང་། ཁྱོན་མ་དངུལ་སྒོར་དུང་ཕྱུར་143.27ཟིན་ཡོད་པ་དང་།  བློ་ཡོད་གན་རྒྱའི་རྣམ་གྲངས་15བཞག་པར། ཁྱོན་མ་དངུལ་སྒོར་དུང་ཕྱུར་54.05ཟིན་ཡོད་ཅེས་བརྗོད་པ་རེད།
     ད་ཐེངས་ཀྱི་འོས་སྦྱོར་ཚོགས་འདུའི་ཐོག་ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་དང་བོད་ལྗོངས་དམངས་ཚོང་མ་འཇོག་ཚད་ཡོད་ཀུང་སི་དང་། བོད་ལྗོངས་ཇོ་མོ་གླང་མ་ཚོགས་པ་ཚད་ཡོད་ཀུང་སི། ཀྲུང་གོ་སྒུལ་བདེ་འཕྲིན་གཏོང་ཚོགས་པ་བོད་ལྗོངས་ཚད་ཡོད་ཡན་ལག་ཀུང་སི་སོགས་ཀུང་སི་6དང་རྣམ་གྲངས་6གི་གན་རྒྱ་གྲུབ་འབྲས་ཐོབ་པའི་ངང་བཞག་པ་དང་། ཁྱོན་མ་དངུལ་སྒོར་དུང་ཕྱུར་21.09ཟིན་ཡོད། ལྷ་ས་མཐོ་གསར་ཁུལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་ཀྲའོ་ཡ་ཡིས“འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དང་། ཐོན་ལས་གཙོ་བོ་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ནུས་ལྡན་མ་འཇོག་མང་དུ་ཏན་ཏིག་བཏང་བ་བརྒྱུད་སྣེའུ་ཁུལ་གསར་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོའི་ཕྱོགས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད”ཅེས་བརྗོད་པ་རེད།
     ལྷ་སའི་ཞོ་སྟོན་ནི་ལོ་ལྟར་གྱི་བོད་ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན་ནས་འགོ་བཙུགས་ཏེ་གཟའ་འཁོར་གཅིག་བསྟུད་མར་གཉེར་གྱི་ཡོད། ཞོ་སྟོན་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཡིན། ཉེ་བའི་ལོ་ཤས་རིང་། ཞོ་སྟོན་དེ་རིག་རྩལ་མཉམ་འཁྲབ་དང་། ལུས་རྩལ་འགྲན་བསྡུར། ཚོང་དོན་གྲོས་མོལ། ཡུལ་སྐོར་སྤྲོ་གསེང་བཅས་གཞི་གཅིག་ཏུ་བསྡུས་པ་དང་། སྲོལ་རྒྱུན་དང་དེང་རབས་མཉམ་དུ་འདྲེས་བའི་དུས་ཆེན་ཞིག་ཏུ་གྱུར་ཡོད།