འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་3ཉིན།

༄༅༎ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པས་ཀྲུང་གོས་འཛམ་གླིང་ཚོང་དོན་རྩ་འཛུགས་ལ་ཨ་རིས་ཨ་སྒོར་
དུང་ཕྱུར་3000ཟིན་པའི་ཀྲུང་གོས་ཨ་རིར་ཕྱིར་གཏོང་བྱས་པའི་ཐོན་རྫས་ལ་ཁྲལ་བསྡུའི་བྱ་ཐབས་སྤེལ་བར་
ཞུ་གཏུག་བརྒྱབ་པའི་སྐོར་ལ་གཏམ་བཤད་སྤེལ་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་03ཉིན། 13:50】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཚེས་2ཉིན་ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པས། ཟླ་9ཚེས་1ཉིན་ཨ་རིས་ཨ་སྒོར་དུང་ཕྱུར་3000ཟིན་པའི་ཀྲུང་གོས་ཨ་རིར་ཕྱིར་གཏོང་བྱས་པའི་ཐོན་རྫས་ཁྲོད་སྒོ་ཁྲལ་15%མང་དུ་གཏོང་རྒྱུའི་བྱེད་ཐབས་ཁག་དང་པོ་དངོས་སུ་ལག་བསྟར་བྱས་པས། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་རྩོད་གཞི་ཐག་གཅོད་ལམ་སྲོལ་འོག་ཞུ་གཏུག་བྱས་པ་རེད། ཨ་རི་ཕྱོགས་ཀྱི་ཁྲལ་བསྡུའི་བྱེད་ཐབས་དེས་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཏ་པན་མཇལ་འཛོམས་ཀྱི་ཐུན་མོང་ངོས་འཛིན་དང་རྒྱབ་འགལ་ཚབས་ཆེན་བྱས་ཡོད་པས། ཀྲུང་གོ་ཕྱོགས་ཀྱིས་དེར་ཤིན་ཏུ་ཡི་མི་རང་བའི་རྣམ་འགྱུར་སྟོན་རྒྱུ་དང་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་འབྲེལ་ཡོད་སྒྲིག་སྲོལ་ལ་གཞིགས་ནས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་དང་། ཕྱོགས་མང་ཚོང་དོན་མ་ལག་དང་རྒྱལ་སྤྱིའི་ཚོང་དོན་སྒྲིག་ལམ་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།