འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་2ཉིན།

༄༅༎ལྷ་སར་ཞོ་སྟོན་དགའ་གཏོང་བྱེད།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་02ཉིན། 14:05】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎ལྷ་སར་ཞོ་སྟོན་དགའ་གཏོང་བྱེད།
     མི་དམངས་དྲ་བའི་འཕྲིན། ལོ་གཅིག་དུས་གཅིག་གི་ལྷ་སའི་ཞོ་སྟོན་དེ་རིང་(ཟླ་8ཚེས་30ཉིན)འགོ་ཚུགས་ཤིང་། དུས་ཡུན་ཉིན་བདུན་གྱི་ཞོ་སྟོན་གྱི་གུང་གསེང་རིང་། ལྷ་སའི་གྲོང་མི་དང་ཡུལ་སྐོར་བ་ཚོས་གངས་ལྗོངས་ས་མཐོའི་དུས་ཚིགས་མཛེས་ཤོས་དེར་གླིང་ཁ་གཏོང་བ་དང་། ལྷ་མོ་ལྟ་བ། ཞོ་འཐུང་བ་བཅས་བྱེད་ཆོག
     ཞོ་སྟོན་ནི་བོད་ཀྱི་གལ་འགངས་ཆེ་ཤོས་ཀྱི་སྲོལ་རྒྱུན་དུས་ཆེན་ཞིག་ཡིན་པ་དང་། “ཞོ་སྟོན”ལ་བོད་སྐད་ཐོག་ནས་འགྲེལ་བཤད་བརྒྱབ་ན་ཞོ་འཐུང་བའི་དུས་ཆེན་ཟེར། ལོ་ངོ་སྟོང་གི་འགྱུར་ལྡོག་བརྒྱུད་པའི་ཞོ་སྟོན་དེ་མིག་སྔར་རིམ་གྱིས་རིག་རྩལ་མཉམ་འཁྲབ་དང་ཡུལ་སྐོར་སྤྲོ་གསེང་སོགས་ནུས་པ་མང་པོ་གཞི་གཅིག་ཏུ་བསྡུས་པའི་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་འདུ་ཚོགས་གཟབ་རྒྱས་ཞིག་ཏུ་གྱུར་ཡོད། ཞོ་སྟོན་རིང་ལྷ་ས་གྲོང་ཁྱེར་གྱིས་གུང་གསེང་ཉིན་7(ཟླ་8ཚེས་30ཉིན་ནས་ཟླ་9ཚེས་5ཉིན་བར)བཞག་གི་ཡོད་པ་རེད།
【1】  【2】  【3】
༄༅༎ལྷ་སར་ཞོ་སྟོན་དགའ་གཏོང་བྱེད།