འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་30ཉིན།

༄༅།།རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གྱི་གྲོས་འགོའི་འོས་མི་ཡོངས་བསྒྲགས་བྱས་ཤིང་། རག་སྡིས་
བདམས་ཐོན་བྱུང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་30ཉིན། 14:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་27ཉིན། ཏང་དང་རྒྱལ་ཁབ་ཀྱི་བྱས་རྗེས་མཚན་སྙན་གཟེངས་བསྟོད་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གིས་《 "སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས"དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གྱི་གྲོས་འགོའི་འོས་མིའི་སྐོར་གྱི་ཡོངས་བསྒྲགས།》ཁྱབ་བསྒྲགས་བྱས་པ་རེད། དེའི་ནང་། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཨུ་ཡོན་ཀྲང་གཞོན་པ་རག་སྡིས་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གྱི་གྲོས་འགོའི་འོས་མིར་བདམས་ཐོན་བྱུང་ཡོད།
     ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བའི་ལོ་ཡིན་ཞིང་། ཏང་ཀྲུང་དབྱང་གིས། ཐེངས་དང་པོར་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གཅིག་སྡུད་ཐོག་དཔྱད་འདེམས་དང་གནང་རྒྱུ་ཡིན་པ་དང་།  ཀྲུང་གོ་གསར་པའི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་བྱས་རྗེས་གཟེངས་སུ་ཐོན་པ་བཞག་མཁན་དཔེ་བཟང་མི་སྣར་གཟབ་རྒྱས་ངང་བྱ་དགའ་སྤྲོད་རྒྱུ་ཐག་བཅད་པ་རེད་།  དེའི་ནང་"སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས”ཀྱི་གྲོས་འགོའི་འོས་མི་8བདམས་ཐོན་ཡོང་རྒྱུ་དང་། རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གྱི་གྲོས་འགོའི་འོས་མི་28བདམས་ཐོན་ཡོང་རྒྱུ་ཡིན་པ་རེད།

    རག་སྡིས་སྐྱེས་པ། བོད་རིགས། ཀྲུང་གུང་ཏང་ཡོན། 1938ལོའི་ཟླ་8པར་སྐྱེས། བོད་ལྗོངས་འབྲི་རུའི་མི་ཡིན་པ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་། སྐབས་བརྒྱད་པ་དང་།  དགུ་པ། བཅུ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་བཅས་རེད།