འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་29ཉིན།

༄༅༎རིགས་གཅིག་མཁས་ཅན་དང་མཁས་དབང་གིས་ཀྲུང་ཨའི་དཔལ་འབྱོར་ཚོང་དོན་རྩོད་གཞི་གླེང་སྐབས། ཀྲུང་ཨའི་དཔལ་འབྱོར་
ཚོང་དོན་རྩོད་གཞིར་ཁ་གཏད་གཅོག་པར་སྟངས་འཛིན་དགོས་པ་ལས་རང་ཤེད་ཚ་པོ་མི་དགོས་ཞེས་བརྗོད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་29ཉིན། 13:52】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎རིགས་གཅིག་མཁས་ཅན་དང་མཁས་དབང་གིས་ཀྲུང་ཨའི་དཔལ་འབྱོར་ཚོང་དོན་རྩོད་གཞི་གླེང་སྐབས། ཀྲུང་ཨའི་དཔལ་འབྱོར་
ཚོང་དོན་རྩོད་གཞིར་ཁ་གཏད་གཅོག་པར་སྟངས་འཛིན་དགོས་པ་ལས་རང་ཤེད་ཚ་པོ་མི་དགོས་ཞེས་བརྗོད་པ།
     མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་28ཉིན། ཨ་རི་ཕྱོགས་ཀྱིས་དཔལ་འབྱོར་ཚོང་དོན་རྩོད་གཞི་རྒྱུན་ཆད་མེད་པར་རིམ་སྤོར་བྱས་པར་དམིགས་ནས། ཧྲང་ཧའེ་སྤྱི་ཚོགས་ཚན་རིག་ཁང་དུ་གཉེར་བའི“སྟངས་འཛིན་ངང་ཚོང་དོན་རྩོད་གཞིར་ཁ་གཏད་བཅག་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་”ཞེས་པའི་རིགས་གཅིག་མཁས་ཅན་གྱི་བགྲོ་གླེང་ཚོགས་འདུའི་ཐོག་ཚོགས་ཞུགས་རིགས་གཅིག་མཁས་ཅན་དང་མཁས་དབང་གིས་ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཚོང་དོན་རྩོད་གཞི་དེ་ཨ་རིར་ཕན་པ་མེད་པ་དང་ཀྲུང་གོར་ཡང་ཕན་པ་མེད་ལ། གོ་ལ་ཧྲིལ་པོར་དེ་བས་ཕན་པ་མེད། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་འབྲེལ་བ་གཅོད་མི་ཐུབ་པ་ཞིག་ཡིན་པས། ཀྲུང་ཨའི་དཔལ་འབྱོར་ཚོང་དོན་རྩོད་གཞིར་ཁ་གཏད་གཅོག་པར་སྟངས་འཛིན་དགོས་པ་ལས་རང་ཤེད་ཚ་པོ་མི་དགོས་ཞེས་བརྗོད་པ་རེད།