འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་29ཉིན།

༄༅༎རྒྱལ་ནང་གི་5Gརང་འགུལ་ངང་རླངས་འཁོར་གཏོང་བའི་སྒོ་དབྱེའི་འགྲོ་ལམ་གྱི་དཔེ་སྟོན་གཉེར་སྐྱོང་རྟེན་གཞི་
ཐོག་མས་སྤྱི་དམངས་ཀྱི་སྒོ་དབྱེའི་ཉམས་ལེན་ཉིན་མོ་བསུས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་29ཉིན། 13:48】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎རྒྱལ་ནང་གི་5Gརང་འགུལ་ངང་རླངས་འཁོར་གཏོང་བའི་སྒོ་དབྱེའི་འགྲོ་ལམ་གྱི་དཔེ་སྟོན་གཉེར་སྐྱོང་རྟེན་གཞི་
ཐོག་མས་སྤྱི་དམངས་ཀྱི་སྒོ་དབྱེའི་ཉམས་ལེན་ཉིན་མོ་བསུས་པ།
     མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་28ཉིན། ཀྲུང་གོ་རྒྱལ་སྤྱིའི་རིག་ནུས་དངོས་མང་སྟོན་ཚོགས་རིང་། རྒྱལ་ནང་གི་5Gརང་འགུལ་ངང་རླངས་འཁོར་གཏོང་བའི་དཔེ་སྟོན་གཉེར་སྐྱོང་རྟེན་གཞི་ཐོག་མ་དང་5Gརང་འགུལ་ངང་རླངས་འཁོར་གཏོང་བའི་སྤྱི་པའི་ཞབས་ཞུའི་ལས་སྟེགས་ཀྱིས་སྤྱི་ཚོགས་ཀྱི་སྤྱི་དམངས་ལ་ཕྱོགས་ནས་དུས་ཡུན་ཉིན་2ཡིན་པའི“5Gརང་འགུལ་ངང་རླངས་འཁོར་གཏོང་བའི་ཚན་རྩལ་དཔེ་སྟོན་ཉམས་ལེན”གྱི་བྱེད་སྒོ་སྤེལ་བ་རེད། 5Gརང་འགུལ་ངང་རླངས་འཁོར་གཏོང་བའི་འགུལ་མེད་ཀྱི་རྣམ་པའི་འགྲེམས་སྟོན་དང་། འགུལ་རྣམ་གྱི་ཉམས་ལེན་རྣམ་གྲངས། 2019ལོའི་i—VlsTA“ཀྲུང་གོ་གློག་འཕྲིན་5Gབུམ་པའི”རང་འགུལ་རླངས་འཁོར་གཏོང་བའི་འགྲན་སློང་འགྲན་བསྡུར་གྱི་བྱ་དགའ་ཐོབ་མཁན་ཚན་པའི་རླངས་འཁོར་30ལྷག་ཅམ་ཚང་མ་སྤྱི་དམངས་ལ་སྒོ་ཕྱེ་ནས་ལྟ་སྐོར་བྱེད་དུ་བཅུག་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་ཚན་རྩལ་དཔེ་སྟོན་ཉམས་ལེན་བྱེད་སྒོའི་དམིགས་ཡུལ་ནི་སྤྱི་དམངས་ལ་5Gདང་རང་འགུལ་ངང་རླངས་འཁོར་གཏོང་བའི་ལག་རྩལ་ལས་བྱུང་བའི་འཚོ་བ་དང་ཕྱིར་སྐྱོད་བྱེད་སྟངས་ཀྱི་འགྱུར་ལྡོག་མྱོང་ཚོར་ཐུབ་པ་བྱ་རྒྱུ་དེ་རེད། ཁྲུང་ཆིང་ཤན་ཐའོ་རྒྱལ་སྤྱིའི་གྲངས་གཞི་ཆེ་མོ་ཀུའུ་རུ་གནས་པའི་རྒྱལ་ནང་གི་5Gརང་འགུལ་ངང་རླངས་འཁོར་གཏོང་བའི་དཔེ་སྟོན་གཉེར་སྐྱོང་རྟེན་གཞི་ཐོག་མ་དང་5Gརང་འགུལ་ངང་རླངས་འཁོར་གཏོང་བའི་སྤྱི་པའི་ཞབས་ཞུའི་ལས་སྟེགས་ནི་ཀྲུང་གོ་རླངས་འཁོར་བཟོ་སྐྲུན་ཞིབ་འཇུག་ཁང་དང་། ཀྲུང་གོ་གློག་འཕྲིན་ཁྲུང་ཆིང་ཡན་ལག་ཀུང་སི། ཀྲུང་གོ་ཤིན་ཁོའོ་ཏ་ཐང་སྒུལ་བདེ་འཕྲིན་གཏོང་སྒྲིག་ཆས་ཚད་ཡོད་ཀུང་སི། ཁྲུང་ཆིང་ཤན་ཐའོ་གྲངས་གཞི་ཀུའུ་ཀུང་སི་བཅས་ཀྱིས་མཉམ་འབྲེལ་ཐོག་གཏོད་པ་ཞིག་ཡིན་པ་དང་། ཟླ་7ཚེས་26ཉིན་དངོས་སུ་སྤྱོད་འགོ་ཚུགས་པ་རེད།
【1】  【2】  【3】  【4】  【5】  【6】
༄༅༎རྒྱལ་ནང་གི་5Gརང་འགུལ་ངང་རླངས་འཁོར་གཏོང་བའི་སྒོ་དབྱེའི་འགྲོ་ལམ་གྱི་དཔེ་སྟོན་གཉེར་སྐྱོང་རྟེན་གཞི་
ཐོག་མས་སྤྱི་དམངས་ཀྱི་སྒོ་དབྱེའི་ཉམས་ལེན་ཉིན་མོ་བསུས་པ།