འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་23ཉིན།

༄༅༎ཚོང་དོན་པུས་ཨ་རི་ཕྱོགས་ལ་འཕྲལ་མར་ཀྲུང་གོར་དམིགས་པའི་ཁ་གསབ་ལ་རྒོལ་བའི་བརྟག་དཔྱད་ཁྲོད་ཀྱི་
ནོར་འཁྲུལ་གྱི་བྱེད་ཐབས་ཡོ་བསྲང་བྱེད་པར་སྐུལ་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་23ཉིན། 13:40】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
    མི་དམངས་དྲ་བའི་འཕྲིན། ཉེ་ཆར་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་ཨ་རི་ཕྱོགས་ཀྱི་ཁ་གསབ་ལ་ངོ་རྒོལ་བྱེད་པའི་བྱེད་ཐབས་ལ་ཁྲུན་ཐག་བཅད་པར་དམིགས་ནས། ཚེས་22ཉིན། ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པ་ཀའོ་ཧྥེང་གིས་ནུས་པ་ཐོན་པའི་ཁྲུན་གཅོད་ཐོག་ནས་ཨ་རི་ཕྱོགས་ཀྱིས་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྲིག་སྲོལ་ལས་འགལ་ཏེ་ཚོང་དོན་རྒུད་སྐྱོབ་བྱེད་ཐབས་གང་བྱུང་དུ་སྤྱད་པ་སླར་ཡང་གསལ་བཤད་བྱས་ཡོད། ཨ་རི་ཕྱོགས་ཀྱིས་འཕྲལ་དུ་བྱ་སྤྱོད་སྤེལ་ནས་ཀྲུང་གོར་དམིགས་པའི་ཁ་གསབ་ལ་ངོ་རྒོལ་བྱེད་པའི་བརྟག་དཔྱད་ཁྲོད་ཀྱི་ནོར་འཁྲུལ་གྱི་བྱེད་ཐབས་ཡོ་བསྲང་བྱེད་དགོས་པའི་སྐུལ་ལྕག་བྱ་རྒྱུ་ཡིན་ཞེས་བརྗོད།
    ཀའོ་ཧྥེང་གིས་ཚོང་དོན་པུའི་རྒྱུན་ལྡན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་གོང་གསལ་གྱི་གཏམ་བརྗོད་སྤེལ་བ་རེད། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་རྩོད་གཞི་ཐག་གཅོད་སྒྲིག་གཞིས་ཟླ་8ཚེས་15ཉིན་ཀྲུང་གོས་ཨ་རིའི་ཁ་གསབ་ལ་ངོ་རྒོལ་བྱེད་པའི་བྱེད་ཐབས་ཞུ་གཏུག་བྱེད་པའི་གྱོད་གཞི་ལག་བསྟར་བྱས་པའི་ཞུ་གཏུག་གི་གོང་གཏུག་སྒྲིག་གཞིའི་སྙན་ཞུ་དང་རིགས་གཅིག་མཁས་ཅན་གྱི་སྙན་ཞུ་ལ་གྲོས་འཆམ་བྱུང་བ་དང་། ཨ་རི་ཕྱོགས་ཀྱིས་གྱོད་གཞི་དང་འབྲེལ་བ་ཡོད་པའི་ཁ་གསབ་ལ་ངོ་རྒོལ་བྱེད་པའི་བྱེད་ཐབས་11འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྲིག་སྲོལ་ལས་འགལ་བའི་ཁྲུན་ཐག་བཅད་པ་རེད།
    ཀའོ་ཧྥེང་གིས་ནུས་པ་ཐོན་པའི་ཁྲུན་གཅོད་ཐོག་ནས་ཨ་རི་ཕྱོགས་ཀྱིས་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྲིག་སྲོལ་ལས་འགལ་ཏེ་ཚོང་དོན་རྒུད་སྐྱོབ་བྱེད་ཐབས་གང་བྱུང་དུ་སྤྱད་པས། རྒྱལ་སྤྱིའི་ཚོང་དོན་ཁོར་ཡུག་གི་དྲང་གཞག་དྲང་བདེན་གྱི་རང་བཞིན་དང་སྒྲིག་སྲོལ་གྱི་བརྟན་པོའི་རང་བཞིན་ལ་གནོད་འཚེ་ཚབས་ཆེན་ཕོག་ཡོད་པ་མཚོན་ཡོད་ཅེས་བརྗོད།
    དེ་གོང་གྱོད་གཞི་དེའི་ཐོག་མའི་འདྲི་ཞིབ་ཀྱི་རིགས་གཅིག་མཁན་ཅན་ཚོགས་པ་དང་གོང་གཏུག་སྒྲིག་གཞིས་ཨ་རིའི་གྱོད་གཞི་དང་འབྲེལ་བ་ཡོད་པའི་ཁ་གསབ་ལ་ངོ་རྒོལ་བྱེད་པའི་བྱེད་ཐབས་དེ་འཛམ་གླིང་ཚོང་དོན་གྱི་སྒྲིག་སྲོལ་ལས་འགལ་བ་ཁྲུན་ཐག་བཅད་ནས། ཨ་རི་ཕྱོགས་ལ་དེའི་སྒྲིག་འགལ་བྱ་ཐབས་ཡོ་བསྲང་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། འོན་ཀྱང་ཨ་རི་ཕྱོགས་ཀྱིས་འཛམ་གླིང་ཚོང་དོན་གྱི་ཁྲུན་བཅད་ལག་བསྟར་བྱེད་རིང་སྔར་བཞིན་སྒྲིག་འགལ་བྱ་ཐབས་མུ་མཐུད་སྤྱོད་ཀྱི་ཡོད། རེ་ནེ་ཝའི་དུས་ཚོད་ཟླ་7ཚེས་16ཉིན། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་ཀྲུང་གོས་ཨ་རིའི་ཁ་གསབ་ལ་ངོ་རྒོལ་བྱེད་པའི་བྱེད་ཐབས་ཞུ་གཏུག་བྱས་པའི་གྱོད་གཞི་(DS437)ལག་བསྟར་བྱས་པའི་ཞུ་གཏུག་གོང་གཏུག་སྒྲིག་གཞིའི་སྙན་ཞུ་ཡོངས་བསྒྲགས་བྱས་ནས། ཨ་རི་ཕྱོགས་ཀྱིས་གྱོད་གཞི་དང་འབྲེལ་བ་ཡོད་པའི་ཁ་གསབ་ལ་ངོ་རྒོལ་བྱེད་པའི་བྱེད་ཐབས་11འཛམ་གླིང་ཚོང་དོན་གྱི་སྒྲིག་སྲོལ་ལས་འགལ་བའི་ཁྲུན་ཐག་བཅད་པ་རེད།
    ཀའོ་ཧྥེང་གིས་ཨ་རི་ཕྱོགས་ཀྱི་གྱོད་གཞི་དང་འབྲེལ་བ་ཡོད་པའི་ཁ་གསབ་ལ་ངོ་རྒོལ་བྱེད་པའི་བྱེད་ཐབས་དེ་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་ཐེངས་མང་པོར་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྲིག་སྲོལ་ལས་འགལ་བའི་ཁྲུན་ཐག་བཅད་ཡོད་ལ། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ལ་ཁ་གཡར་ས་གང་ཡང་མ་བཙལ་བར་འཕྲལ་དུ་བྱ་སྤྱོད་སྤེལ་ནས། ཀྲུང་གོར་དམིགས་པའི་ཁ་གསབ་ལ་ངོ་རྒོལ་བྱེད་པའི་བརྟག་དཔྱད་ཁྲོད་ཀྱི་ནོར་འཁྲུལ་གྱི་བྱེད་ཐབས་ཡོ་བསྲང་བྱེད་པར་སྐུལ་ཡོད་ཅེས་བརྗོད་ཡོད།