འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་23ཉིན།

༄༅༎དྲག་ཆར་བབས་པའི་རྐྱེན་གྱིས་སི་ཁྲོན་རྔ་བའི་མི་10རྐྱེན་ལམ་དུ་ཤོར་བ་དང་། མི་27གར་སོང་ཆ་མེད་དུ་གྱུར་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་23ཉིན། 13:12】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། གསར་འགོད་པས་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་གྱི་འཕྲལ་སྡོམ་དོ་དམ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། དབུན་ཁྲོན་རྫོང་སན་ཅང་གྲོང་རྡལ་གྱི་གར་སོང་ཆ་མེད་དུ་གྱུར་བའི་མི་1རྐྱེན་ལམ་དུ་ཤོར་བ་གཏན་འཁེལ་བྱས་ཤིང་། ཚེས་22ཉིན་གྱི་ཆུ་ཚོད་16དང་སྐར་མ་35བར། དབུན་ཁྲོན་གྱི“8·20”ཆར་པ་ཆེན་པོ་བབས་ནས་འདམ་རྡོའི་ཆུ་རུད་ཐོན་པའི་གནོད་འཚེའི་ཁྲོད་མི་10རྐྱེན་ལམ་དུ་ཤོར་བ་དང་། མི་27གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད།
     དབུན་ཁྲོན་རྫོང་སྤྱི་བདེ་ཅུས་ཀྱིས་རྐྱེན་ལམ་དུ་ཤོར་བ་དང་གར་སོང་ཆ་མེད་དུ་གྱུར་བའི་མི་སྣའི་མིང་ཐོ་ཕྱི་ཕྱོགས་སུ་ཡོངས་བསྒྲགས་བྱས་ནས། སྤྱི་ཚོགས་ལས་རིགས་ཁག་གིས་འབྲེལ་ཡོད་མི་སྣའི་ཆ་འཕྲིན་དང་ཁུངས་སྣེ་མཁོ་འདོན་ཧུར་ཐག་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།
     དབུན་ཁྲོན་གྱི“8·20”ཆར་པ་ཆེན་པོ་བབས་ནས་ཆུ་ལོག་ཐོན་པའི་གནོད་འཚེའི་འཐབ་ས་མདུན་མའི་བཀོད་འདོམས་པུའུ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ཟླ་8ཚེས་20ཉིན་གྱི་ཆུ་ཚོད་ཀླད་ཀོར་ནས་བཟུང་། དབུན་ཁྲོན་རྫོང་ཁོངས་སུ་ཡོངས་ཁྱབ་ངང་དྲག་ཆར་རམ་དྲག་ཆར་ཆེན་པོ་བབས་ནས། ཆར་པ་བབས་ཚད་ཆེ་ཤོས་ཧའོ་སྨི་65ཟིན་ཡོད། ཉེན་ཆེའི་ཁུལ་22ལ་ཆུ་ལོག་གི་ཉེན་ཁ་ཐོན་ཡོད་པ་དང་། ཤང་གྲོང་8ལ་དྲག་ཆར་ཆེན་པོ་བབས་པས་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཆེན་པོ་ཐོན་ཡོད། གནོད་འཚེ་ཐོན་རྗེས་རྔ་བ་ཁུལ་གྱིས་འཕྲལ་མར་མི་སྣ་འཚོལ་སྐྱོབ་ཀྱི་ལས་དོན་སྤེལ་ཡོད་ལ། གཙོ་བོ་ཀུན་དར་གྲོང་རྡལ་དང་། ཧྲུའེ་མའོ་གྲོང་རྡལ། སན་ཅང་གྲོང་རྡལ། དབྱིན་ཞིང་ཤང་།  མེན་ཁྲི་གྲོང་རྡལ་སོགས་ཀྱི་གར་སོང་ཆ་མེད་དུ་གྱུར་བའི་མི་སྣ་དང་ཉེན་གྱར་མི་སྣ་འཚོལ་སྐྱོབ་བྱས་པ་དང་། ཕྱོགས་ཡོངས་ནས་འཚོལ་སྐྱོབ་ཀྱི་སྟོང་ཆའི་ཁུལ་མེད་པ་བཟོས་ནས་དུད་ཚང་གཅིག་ཀྱང་མི་ལུས་པ་དང་མི་གཅིག་ཀྱང་མི་ལུས་པ་བྱས་ཡོད།