འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་23ཉིན།

༄༅།།སྐབས་གཉིས་པའི“ད་ཆའི་མོང་གོལ་རྒྱལ་ཁབ”ཀྱི་རྒྱལ་སྤྱིའི་པར་རྒྱག་ཉམས་ལེན་བྱེད་སྒོའི་ཕུལ་
བྱུང་བརྩམས་ཆོས་ཨུ་ལན་དཔའ་ཐུལ་དུ་འགྲེམས་སྟོན་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་23ཉིན། 10:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཨུ་ལན་དཔའ་ཐུལ་ནས་ཟླ་8ཚེས་21ཉིན་གློག་འཕྲིན་འབྱོར་གསལ། སྐབས་གཉིས་པའི“ད་ཆའི་མོང་གོལ་རྒྱལ་ཁབ”ཅེས་པའི་རྒྱལ་སྤྱིའི་པར་རྒྱག་ཉམས་ལེན་བྱེད་སྒོའི་ཕུལ་བྱུང་བརྩམས་ཆོས་འགྲེམས་སྟོན་ཚེས་21ཉིན་ཨུ་ལན་དཔའ་ཐུལ་དུ་སྤེལ་འགོ་ཚུགས་པ་མ་ཟད། འགྲེམས་སྟོན་བྱས་པའི་བརྩམས་ཆོས་བརྒྱ་ཕྲག་ལས་མོང་གོལ་རྒྱལ་ཁབ་ཀྱི་མཛེས་སྡུག་ཡིད་དུ་འོང་བའི་ཤར་རྒྱུད་རྩྭ་ཐང་གི་མཛེས་ལྗོངས་དང་། ས་གནས་དེའི་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ། དེ་བཞིན་ཡུལ་སྲོལ་གོམས་གཤིས་སོགས་མངོན་ཡོད་པ་རེད།
     ཀྲུང་གོ་དང་། ཨུ་རུ་སུ། རི་པིན། ཧན་གོ ཐུར་ཁེ། མོང་གོལ་རྒྱལ་ཁབ་བཅས་རྒྱལ་ཁབ་6གི་ཆེད་ལས་པར་རྒྱག་མཁས་ཅན་དང་པར་རྒྱག་ལ་དགའ་བའི་མི་རྣམས་སྐབས་འདིའི་དུས་ཡུན་ཉིན་བཅུའི་པར་རྒྱག་ཉམས་ལེན་བྱེད་སྒོར་ཞུགས་ཡོད་པ་རེད། པར་རྒྱག་མཁས་ཅན་ཚོས་ཨུ་ལན་དཔའ་ཐུལ་གྱི་ཤར་རྒྱུད་ནས་མོང་གོལ་རྒྱལ་ཁབ་ཤར་རྒྱུད་ཀྱི་རྩྭ་ཐང་བར་བསྐྱོད་དེ། མོང་གོལ་རྒྱལ་ཁབ་ཀྱི་ཀྲུང་དབྱང་ཞིང་ཆེན་དང་། ཁེན་ཐེ་ཞིང་ཆེན། ཏུང་ཧྥང་ཞིང་ཆེན་བཅས་སུ་བཅར་འདྲི་དང་པར་རྒྱག་བྱས་པས་ཉམས་ལེན་གྱི་ལམ་ཚད་སྤྱི་ལེ་2500ཟིན་ཡོད་པ་རེད།