འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་23ཉིན།

༄༅།།ཧྭ་ཝེ་ཡིས་དབྱིན་ཇིའི་གཉེར་སྐྱོང་ཚོང་དུད་གཞན་ཞིག་ལ་5Gཡི་ཞབས་ཞུ་སྒྲུབ་རོགས་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་23ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ལོན་ཏོན་ནས་ཟླ་8ཚེས་20ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། EEདང་ཨོ་ཏ་ཧྥུང་རྗེས་སུ་དབྱིན་ཇིའི་གློག་འཕྲིན་གཉེར་སྐྱོང་ཚོང་དུད“3གློག་འཕྲིན་ཀུང་སིས”ཀྱང་ཚེས་19ཉིན་དབྱིན་ཇིར་5Gཡི་ཞབས་ཞུ་དངོས་སུ་སྒྲུབ་འགོ་བཙུགས་པ་རེད། གོང་གི་གཉིས་པོ་དང་འདྲ་བར་3གློག་འཕྲིན་ཀུང་སིའི་5Gདྲ་རྒྱའི་ཁྲོད་དུའང་ཧྭ་ཝེ་ཀུང་སིའི་སྒྲིག་ཆས་སྤྱད་ཡོད་པ་རེད།
     3གློག་འཕྲིན་ཀུང་སིས་ངོ་སྤྲོད་བྱས་པར་གཞིགས་ན། དུས་མཚམས་ཐོག་མའི་5Gཞབས་ཞུ་དེ་གཙོ་བོ་ལོན་ཏོན་གྱི་ཁྱིམ་སྤྱོད་5Gདྲ་ཆེན་ལ་དམིགས་པ་ཞིག་ཡིན་ཞིང་། སྤྱོད་མཁན་གྱིས་ལོ་གཅིག་གི་གན་རྒྱ་བཞག་སྟེ་ཟླ་རེར་དབྱིན་སྒོར་35(དབྱིན་སྒོར་1དང་མི་དམངས་ཤོག་སྒོར་8.5ཧ་ལམ་མཚུངས་པ)སྤྲད་ན་རང་ཁྱིམ་དུ་གྲངས་གཞིའི་བཞུར་ཚད་ཀྱི་ཚད་བཀག་མེད་པར་མྱུར་ཚད་མགྱོགས་པའི་དྲ་རྒྱའི་ཞབས་ཞུ་ལོངས་སུ་སྤྱོད་ཆོག་གི་ཡོད།
     3གློག་འཕྲིན་ཀུང་སིས་ངོ་སྤྲོད་བྱས་པར་གཞིགས་ན། 5Gཡི་བརྡ་རྟགས་ཁྱབ་རྒྱ་མུ་མཐུད་ཆེ་རུ་འགྲོ་རྒྱུ་ཡིན་ཞིང་། འདི་ལོའི་ལོ་མཇུག་ཏུ་ཀུང་སི་དེས་དབྱིན་ཇིའི་གྲོང་ཁྱེར་25རུ་5Gཡི་ཞབས་ཞུ་སྒྲུབ་འགོ་འཛུགས་རྒྱུ་ཡིན་པ་རེད། དེ་གོང་དབྱིན་ཇིའི་གློག་འཕྲིན་ཀུང་སི་གཞན་གཉིས་ཏེ་EEདང་ཨོ་ཏ་ཧྥུང་གཉིས་པོས་འདི་ལོའི་ཟླ་5ཚེས་30དང་ཟླ་7ཚེས་3ཉིན་ནས་བཟུང་དབྱིན་ཇིའི་གྲོང་ཁྱེར་འགའ་ཞིག་ཏུ་5Gཡི་ཞབས་ཞུ་སྒྲུབ་འགོ་བཙུགས་ཡོད།