འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་23ཉིན།

༄༅༎རང་རྒྱལ་གྱི་རྡོ་སོལ་ཐོན་ཚད་ལྡབ་114གཙང་འཕར་བྱུང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་23ཉིན། 10:21】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཚེས་21ཉིན། རྒྱལ་ཁབ་སོལ་གཏེར་བདེ་འཇགས་ལྟ་སྐུལ་ཅུས་ཀྱི་ཅུས་ཀྲང་ཧོང་ཡུས་ཀྲིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70སོང་རིང་རང་རྒྱལ་གྱི་རྡོ་སོལ་ཐོན་ཚད་ཀྲུང་གོ་གསར་པ་དབུ་བརྙེས་མ་ཐག་གི་ཏུན་དུང་ཕྱུར་0.32ནས་2018ལོའི་ཏུན་དུང་ཕྱུར་36.8བར་འཕར་ནས་ལྡབ་114གཙང་འཕར་བྱུང་བ་དང་། རྡོ་སོལ་མཁོ་འདོན་བྱེད་ཚད་ཧ་ཅང་ཁ་ཐང་པོ་ནས་ཐོན་ནུས་སྤྱི་ཡོངས་ལྷག་འཕྲོ་ཡོད་པ་དང་མཁོ་སྤྲོད་དང་དགོས་མཁོ་སྤྱིར་ན་དོ་སྙོམས་བྱུང་བའི་བར་གྱུར་ཡོད་པ་རེད།
     རྡོ་སོལ་གྱི་ཐོན་ནུས་ཧ་ཅང་མང་དུ་ཕྱིན་པ་དང་ཆབས་ཅིག་རྡོ་སོལ་གྱི་ཐོན་ལས་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་སོང་སྟེ་སོལ་གཏེར་གྲངས་འབོར་1997ལོའི་ཁྲི་8.2ཙམ་ནས་མིག་སྔར་5700ཡང་མ་ཟིན་པའི་བར་ཉུང་དུ་ཕྱིན་ནས་རྡོ་སོལ་ཐོན་ལས་གཅིག་སྡུད་བྱེད་ཚད་མཐོ་རུ་ཤུགས་ཆེན་ཕྱིན་ཡོད་པ་རེད།
     མིག་སྔར། རང་རྒྱལ་གྱིས་ལོ་རེའི་ཐོན་ཚད་ཏུན་ཁྲི་1000ཟིན་པའི་རྡོ་སོལ་ཕྱོགས་བསྡུས་སྔོག་འདོན་སྒྲིག་ཆས་དང་། རྡོ་སོལ་སྔོག་འདོན་འཕྲུལ་འཁོར། གཤེར་གནོན་སྒྲོམ་སྐྱོར། སྐྱེལ་འདྲེན་འཕྲུལ་ཆས་སོགས་ཀྱི་ཆ་ཚང་བའི་སྒྲིག་ཆས་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་དུ་སླེབས་ཏེ་རྡོ་སོལ་ཐོན་སྐྱེད་དེ་ལག་ལས་བྱེད་པ་ནས་འཕྲུལ་ཆས་ཅན་དང་། རང་འགུལ་ཅན། ཆ་འཕྲིན་ཅན། རིག་ནུས་ཅན་བཅས་བར་གྱི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ཡོད་པ་རེད།