འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་22ཉིན།

༄༅༎ཝང་དབྱིས་ཀུན་གྱིས་ཤང་ཀང་གི་དུས་བབ་ལ་ལངས་ཕྱོགས་དྲང་གཞག་འཛིན་དགོས་ཞེས་བརྗོད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་22ཉིན། 14:57】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་21ཉིན། ཀྲུང་གོ་དང་། འཇར་པན།  ཁོ་རེ་ཡ་ལྷོ་མ་བཅས་ཀྱི་ཕྱི་འབྲེལ་པུའུ་ཀྲང་གི་ཚོགས་འདུ་ཐེངས་དགུ་པ་འཚོགས་རིང་། ཁོ་རེ་ཡ་ལྷོ་མའི་ཕྱི་འབྲེལ་པུའུ་ཀྲང་ཁང་ཅིང་ཧུའུ་དང་འཇར་པན་གྱི་ཕྱི་འབྲེལ་བློན་ཆེན་ཧོ་ཡེ་ཐའེ་ལང་གིས་རྒྱལ་དོན་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གཅིག་ལྕོགས་ཡིན་པའི་ཝང་དབྱི་ལ་མིག་སྔའི་ཤང་ཀང་གི་དུས་བབ་སྐོར་འདྲི་རྩད་བྱས་ནས་ཤང་ཀང་དུ་ཡོད་པའི་ཁོང་ཚོའི་ཁེ་ལས་དང་ཕྱིར་སྡོད་པའི་བདེ་འཇགས་ལ་སེམས་ཁྲལ་བྱེད་ཚུལ་བསྟན་པ་རེད། 
     ཝང་དབྱིས་མིག་སྔའི་ཤང་ཀང་གི་དུས་བབ་འགྱུར་ལྡོག་གི་གནས་ཚུལ་དང་ཕྱི་རྒྱལ་སྟོབས་ཤུགས་ཀྱིས་ཐེ་ཇུས་བྱེད་པའི་གནད་དོན་གྱི་ངོ་བོ་ངོ་སྤྲོད་བྱས་པ་རེད། ཝང་དབྱིས་གཏུམ་སྤྱོད་ཐལ་སྐྱོད་པ་ཉུང་ཤས་ཀྱིས་ཁྲིམས་འཛུགས་ལྷན་ཚོགས་བཅོམ་པ་དང་། ཉེན་རྟོག་པ་མང་པོར་རྨས་སྐྱོན་བཏང་བས་བཅའ་ཁྲིམས་ཀྱི་མཐའ་ཚད་ལས་བརྒལ་བ་རེད། ཉེས་མེད་མང་ཚོགས་ལ་སྐོར་འགོག་དང་ཉེས་རྡུང་བཏང་བ་དང་། ནང་སའི་གསར་འགོད་པ་དང་འགྲུལ་པའི་མི་ལུས་རང་དབང་ལ་ཚོད་འཛིན་བྱས་པས་ཀུན་སྤྱོད་ཀྱི་མཐའ་ཚད་ལ་རྡོག་རུལ་བཏང་བ་རེད།  ཕྱི་རྒྱལ་གྱི་རྒྱལ་དར་བསྒྲེངས་ཤིང་ཀྲུང་གོའི་རྒྱལ་དར་དང་རྒྱལ་རྟགས་ལ་གཏོར་སྐྱོན་བཏང་བས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་རྩ་དོན་གྱི་མཐའ་ཚད་ལ་འགྲན་སློང་བྱས་པ་རེད། འགན་འཁུར་བའི་སྲིད་གཞུང་དང་ཁྲིམས་སྐྱོང་སྤྱི་ཚོགས་གང་ཞིག་ཡིན་རུང་ཚང་མས་བཟོད་སྲན་བྱས་ནས་སྡོད་མི་སྲིད་ཅེས་བརྗོད། 
     ཝང་དབྱིས་ཤང་ཀང་གི་ལས་དོན་ནི་ཀྲུང་གོའི་ནང་སྲིད་ཡིན་པས་ཕྱི་ཕྱོགས་སྟོབས་ཤུགས་ལ་ཐེ་ཇུས་བྱེད་དུ་འཇུག་མི་སྲིད། ཀྲུང་གོའི་ཀྲུང་དབྱང་སྲིད་གཞུང་གིས་བློ་བརྟན་འགྱུར་མེད་ངང་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་སྐྱོང་བྱེད་པར་རྒྱབ་སྐྱོར་དང་། ཤང་ཀང་ཉེན་རྟོག་ཕྱོགས་ཀྱིས་ཁྲིམས་བསྟར་ནན་མོ་བྱ་རྒྱུར་རྒྱབ་སྐྱོར། ཤང་ཀང་ཁྲིམས་འཛིན་སྒྲིག་གཞིས་གཏུམ་སྤྱོད་ཉེས་གསོག་པར་ཁྲིམས་ལྟར་ཆད་པ་གཅོད་རྒྱུར་རྒྱབ་སྐྱོར་བཅས་བྱེད་རྒྱུ་ཡིན། ཀྲུང་དབྱང་སྲིད་གཞུང་གིས་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཀྱི་བྱེད་ཕྱོགས་མུ་མཐུད་བློ་བརྟན་འགྱུར་མེད་ངང་ལག་ལེན་མཐར་ཕྱིན་བསྟར་ནས་ཞང་ཀང་གི་དར་རྒྱས་དང་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་བརྗོད། 
     ཝང་དབྱིས་གཏུམ་སྤྱོད་ཀྱི་རྐྱེན་གྱིས་རྒྱལ་ཁབ་ཁག་ཅིག་གིས་ཤང་ཀང་དུ་ཡོད་པའི་ཁེ་ལས་དང་ཕྱིར་སྡོད་པའི་བདེ་འཇགས་ལ་སེམས་ཁྲལ་བྱེད་ཀྱི་ཡོད་པ་ལ་ང་ཚོས་ཀྱང་གསལ་པོར་ཧ་གོ།  དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་ཁྲིམས་ལྟར་ཁོ་ཚོའི་ལུགས་མཐུན་ཁྲིམས་མཐུན་གྱི་ཁེ་དབང་སྲུང་སྐྱོང་བྱ་རྒྱུར་ཡིད་ཆེས་ཡོད། ཕྱོགས་ཁག་གིས་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་ཁྲིམས་ལྟར་གཏུམ་སྤྱོད་བཀག་འགོག་བྱ་རྒྱུར་བསམ་ཤེས་དང་རྒྱབ་སྐྱོར་བྱས་ནས་དེའི་ཐད་དོན་དངོས་དང་དྲང་གཞག་གི་ལངས་ཕྱོགས་འཛིན་དགོས་ཞེས་བརྗོད།