འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་21ཉིན།

༄༅།།བརྟན་ལ་མྱུར་བར་འཕར་བས་ལས་རྣམ་གསར་པའི་འཕེལ་ཕྱོགས་བཟང་བ། ལོ་སྟོད་དུ་རིག་གནས་ཐོན་
ལས་ལ་གྲུབ་འབྲས་ཡག་པོ་ཐོབ་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་21ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་19ཉིན་གློག་འཕྲིན་འབྱོར་བ་གཞིར་བཟུང་། 2019ལོའི་ལོ་སྟོད་དུ་རྒྱལ་ཁབ་ཕྱི་ནང་གི་ཉེན་ཁའི་འགྲན་སློང་མང་དུ་སོང་བ་དང་དཔལ་འབྱོར་ཆག་པའི་གནོན་ཤུགས་ཆེ་རུ་འགྲོ་བའི་རྙོག་འཛིང་གི་དུས་བབ་མདུན་དུ། རིག་གནས་དང་འབྲེལ་ཡོད་ཐོན་ལས་ཀྱིས་བརྟན་ཐོག་ཡར་འཕེལ་གྱི་འཕེལ་ཕྱོགས་རྒྱུན་འཁྱོངས་བྱས་ཡོད། རྒྱལ་ཁབ་སྡོམ་རྩིས་ཅུས་ཀྱིས་ཉིན་ཤས་གོང་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་གསལ། རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་རིག་གནས་དང་དེ་བཞིན་འབྲེལ་ཡོད་ཐོན་ལས་ཀྱི་ཁེ་ལས་ཁྲི་5.6གི་ཚོང་གཉེར་ཡོང་འབབ་སྒོར་དུང་ཕྱུར་ཁྲི་4ལྷག་ཙམ་ཟིན་པ་དེ་དུས་མཚུངས་ལས་7.9%འཕར་ཡོད།
     དྲང་སྲུང་གསར་གཏོད་དང“ཕན་འབྲས་གཉིས་གཅིག་གྱུར”མཐའ་འཁྱོངས་བྱས་ཏེ། རིག་གནས་སྤུས་ཚད་མཐོ་བའི་ཐོན་ལས་ཀྱིས་དམངས་ཀྱི་རིག་གནས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་ཆེ་རུ་བཏང་ཡོད། ཀྲུང་གོ་དྲིལ་བསྒྲགས་པུའུ་རིག་གནས་སྒྲིག་སྲོལ་སྒྱུར་བཅོས་འཕེལ་རྒྱས་གཞུང་དོན་ཁང་གི་འབྲེལ་ཡོད་འགན་འཁུར་བས་གྲུབ་འབྲས་དེས་གཤམ་གྱི་ཕྱོགས་བཞི་ལ་ཕན་པ་ཐོབ་པ་སྟེ།     གཅིག་ནས་ཏང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་དང་རྒྱུན་མཐུད་ངང་ལྷུག་ཏུ་བཏང་བའི་སྲིད་ཇུས་ཀྱི་ཕན་བདེས་ལས་རིགས་ཀྱི་འཕེལ་རྒྱས་ལ་ཡིད་ཆེས་བསྣན་པ་དང་། 
    གཉིས་ནས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལས་རིག་གནས་ཀྱི་འཛད་སྤྱོད་རིམ་སྤོར་འདེགས་སྐྱོར་ལ་སྐུལ་འདེད་ཧུར་ཐག་བཏང་བ། 
    གསུམ་ནས་ལག་རྩལ་གསར་པ་འཕེལ་རྒྱས་ཤུགས་ཆེན་བཏང་ནས་རིག་གནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་ཆེ་རུ་བཏང་བ། 
བཞི་ནས་དོ་དམ་ལེགས་སུ་བཏང་ནས་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་བཏོད་པ་བཅས་རེད།