འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་20ཉིན།

༄༅།།《“རྒྱུད་གཅིག་ལམ་གཅིག”གི་དཔེ་ཚོགས་ཆེ་གྲས་ཏེ། ཤིན་ཅང་ནི་ས་ཆ་སྐྱིད་པོ་ཞིག་ཡིན།》
འགྲེམས་སྤེལ་ཚོགས་འདུ་འཚོགས།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་20ཉིན། 13:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།《“རྒྱུད་གཅིག་ལམ་གཅིག”གི་དཔེ་ཚོགས་ཆེ་གྲས་ཏེ། ཤིན་ཅང་ནི་ས་ཆ་སྐྱིད་པོ་ཞིག་ཡིན།》
འགྲེམས་སྤེལ་ཚོགས་འདུ་འཚོགས།
     མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་16ཉིན། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་གིས་ཧྲང་ཧའེ་དཔེ་ཆ་འགྲེམས་སྟོན་ཐོག《“རྒྱུད་གཅིག་ལམ་གཅིག”གི་དཔེ་ཚོགས་ཆེ་གྲས་ཏེ། ཤིན་ཅང་ནི་ས་ཆ་སྐྱིད་པོ་ཞིག་ཡིན།》ཞེས་པའི་དཔེ་དེབ་གསར་པ་འགྲེམས་སྤེལ་ཚོགས་འདུ་འཚོགས་པ་དང་། ཉིན་དེའི་ཕྱི་དྲོར་བརྩམས་ཆོས་བགྲོ་གླེངཚོགས་འདུ་འཚོགས་པ་རེད།
    ཀྲུང་དབྱང་དྲིལ་བསྒྲགས་པུའུ་དཔེ་སྐྲུན་ཅུས་ཀྱི་ཅུས་ཀྲང་ཞུས་ཀྲེང་མིང་དང་ཀྲུང་དབྱང་ཤིན་ཅང་ལས་དོན་མཐུན་སྦྱོར་ཚོགས་ཆུང་གཞུང་ལས་ཁང་གི་རིམ་པ་གཉིས་པའི་སྐོར་ཞིབ་པ་ཝང་ཤིན། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་རིག་གནས་དྲིལ་བསྒྲགས་སིའི་སི་ཀྲང་གཞོན་པ་ཀྲུང་ཐིང་ཞུང་། ཀྲུང་གོའི་གསར་འགྱུར་དཔེ་སྐྲུན་སྨྱན་སྦྱོར་ཚོགས་པའི་ཏང་ཨུ་ཧྲུའུ་ཅི་གཞོན་པ། སྤྱི་གཉེར་བ་ལི་ཀྲུང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་མི་རིགས་རིག་པ་དང་མིའི་རིགས་རིག་པའི་ཞིབ་འཇུག་ཁང་གི་དེ་སྔའི་སའོ་ཀྲང་གཞོན་པ་ཧོང་ཞིང་། རྒྱལ་ཁབ་པར་སྐྲུན་ཐེབས་རྩ་བཀོད་སྒྲིག་དོ་དམ་གཞུང་ལས་ཁང་གི་ལས་གཞི་ཁྲུའུ་ཡི་ཁྲུའུ་ཀྲང་ཧོ་ཧུའེ་ཡུས། ཀྲུང་གོ་དཔེ་སྐྲུན་མཐུན་ཚོགས་ཀྱི་དྲུང་ཡིག་གཞོན་པ་ཧྲེང་ཅན་ལི། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ཏང་ཨུ་ཧྲུའུ་ཅི་གཞོན་པ་དང་སྒྲིག་ཨུ་ཧྲུའི་ཅི་གཞོན་པ་མ་ཝུན་ཞི་སོགས་འགོ་ཁྲིད་སྐུ་མགྲོན་དང་དཔེ་ཚོགས་ཀྱི་རྩོམ་པ་པོ་བཅས་འགྲེམས་སྤེལ་ཚོགས་འདུར་ཞུགས་ཡོད། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་གི་འགོ་ཁྲིད་དང་སྤྱི་ཁྱབ་གཙོ་སྒྲིག་པ་ཀྲའོ་ཞིའུ་ཆིན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། 
    ངོ་སྤྲོད་བྱས་པར་གཞིགས་ནས། དེབ་10ཡོད་པའི་དཔེ་ཚོགས་དང་པོ་ནི་ད་ལོའི་ཟླ་7པར་འགྲེམས་སྤེལ་བྱས་པ་དང་། དེབ་10ཡོད་པའི་དཔེ་ཚོགས་གཉིས་པ་ནི་ད་ལོའི་ཟླ་9པའི་ཟླ་མཇུག་ལ་སྤེལ་རྒྱུ་རེད། དཔེ་ཚོགས་འདིར་ཁྱོན་དེབ་50ཡོད། དཔེ་ཚོགས་འདི་ནི་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་ལས་གཞི་བཙུགས་ཅིང་། རྒྱལ་ཁབ་པར་སྐྲུན་ཐེབས་རྩའི་ལས་གཞིས་རོགས་དངུལ་སྤྡད་པ་དང་། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པ་རེད།
༄༅།།《“རྒྱུད་གཅིག་ལམ་གཅིག”གི་དཔེ་ཚོགས་ཆེ་གྲས་ཏེ། ཤིན་ཅང་ནི་ས་ཆ་སྐྱིད་པོ་ཞིག་ཡིན།》
འགྲེམས་སྤེལ་ཚོགས་འདུ་འཚོགས།