འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་20ཉིན།

༄༅༎རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་ལས་དོན་གཞུང་ལས་ཁང་གིས་ཨ་རི་ཕྱོགས་ཀྱིས་ཐའེ་ཝན་ལ་གོ་མཚོན་འཚོང་པའི་
འབྲེལ་ཡོད་འཆར་གཞི་འཕྲལ་མར་ཕྱིར་འཐེན་བྱེད་དགོས་པ་བརྗོད།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་20ཉིན། 13:49】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་19ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་ལས་དོན་གཞུང་ལས་ཁང་གི་མགྲིན་ཚབ་པ་མ་ཞའོ་ཀོང་གིས་ཨ་རི་ཕྱོགས་ཀྱིས་ཐའེ་ཝན་ལ་F—16Vདམག་འཐབ་གནམ་གྲུ་ཕྱིར་ཚོང་བྱེད་རྩིས་ཡོད་པའི་སྐོར་གྱི་དྲི་བ་ལ་ལན་བསྐྱོན་རྒྱུར། ཕྱི་འབྲེལ་པུས་དེའི་ཐད་ཨ་རི་ཕྱོགས་ལ་སྐད་ཆ་ནན་མོ་བཤད་ཡོད། ཨ་རི་ཕྱོགས་ཀྱིས་བྱེད་སྟངས་དེས་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་དྲག་པོ་བྱས་པ་དང་། ཀྲུང་གོ་གཅིག་གི་རྩ་དོན་དང་ཀྲུང་གོ་དང་ཨ་རིའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་གྱི་གཏན་འབེབས་དང་ཚབས་ཆེན་འགལ་ནས་ཀྲུང་གོ་དང་ཨ་རིའི་འབྲེལ་བ་དང་། ངོགས་གཉིས་ཀྱི་འབྲེལ་བ། ཐའེ་ཝན་མཚོ་འགག་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་བཅས་ལ་གནོད་རྐྱེན་ཚབས་ཆེན་བཟོས་ཡོད་པས། ང་ཚོས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཨ་རི་ཕྱོགས་ཀྱིས་ཐའེ་ཝན་ལ་གོ་མཚོན་ཕྱིར་འཚོང་བྱེད་པའི་འབྲེལ་ཡོད་འཆར་གཞི་འཕྲལ་མར་ཕྱིར་འཐེན་བྱེད་དགོས་པ་དང་། “ཐའེ་ཝན་རང་བཙན་”གྱི་ཁ་ཕྲལ་སྟོབས་ཤུགས་ལ་ནོར་འཁྲུལ་ཚབས་ཆེན་གྱི་བརྡ་རྟགས་གཏོང་མཚམས་འཇོག་དགོས། སྟོབས་ཤུགས་གང་ཞིག་གིས་ཀྱང་ང་ཚོས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོབ་བྱེད་པའི་ཆོད་སེམས་དང་ནུས་པར་མཐོང་ཆུང་བྱེད་མི་རུང་ཞེས་བརྗོད། 
     མ་ཞའོ་ཀོང་གིས་ཚའེ་དབྱིང་ཝུན་དང་དམངས་གཙོ་ཡར་ཐོན་ཏང་གི་དབང་འཛིན་ལས་ཁུངས་ཀྱིས་ངོགས་གཉིས་ཀྱི་སྤུན་ཟླའི་ཁེ་ཕན་ལ་གནོད་འཚེ་བཏང་སྟེ་ཨ་རིའི“གདོང་སྐྱོད་པ་”བྱེད་པར་མི་འཛེམ་པར་ཨ་རིར“སྲུང་སྐྱོང་གྲོན་དངུལ”མང་པོ་འཇལ་པ་རེད། མཐར“རྡེའུ་མི་དགོས་པ་”ཙམ་ལ་གྱུར་ནས་ལོ་རྒྱུས་སུ་ཞབས་འདྲེན་པའི་གྲས་ལ་འགོད་ངེས་རེད་ཅེས་བརྗོད།