འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་20ཉིན།

༄༅༎ཝང་ཆི་ཧྲན་གྱིས་ཨུ་ཟ་བྷེ་ཁེ་སི་ཐན་གྱི་ཕྱི་འབྲེལ་པུའུ་ཀྲང་ལ་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་20ཉིན། 13:47】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
ཟླ་8ཚེས་19ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཀྲུང་ནན་ཧའེ་རུ་ཨུ་ཟ་བྷེ་ཁེ་སི་ཐན་གྱི་ཕྱི་འབྲེལ་པུའུ་ཀྲང་ཁ་སྨི་རའོ་ཧྥུའུ་ལ་མཇལ་འཕྲད་གནང་བ་རེད།
ཟླ་8ཚེས་19ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཀྲུང་ནན་ཧའེ་རུ་ཨུ་ཟ་བྷེ་ཁེ་སི་ཐན་གྱི་ཕྱི་འབྲེལ་པུའུ་ཀྲང་ཁ་སྨི་རའོ་ཧྥུའུ་ལ་མཇལ་འཕྲད་གནང་བ་རེད།
     མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་19ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཀྲུང་ནན་ཧའེ་རུ་ཨུ་ཟ་བྷེ་ཁེ་སི་ཐན་གྱི་ཕྱི་འབྲེལ་པུའུ་ཀྲང་ཁ་སྨི་རའོ་ཧྥུའུ་ལ་མཇལ་འཕྲད་གནང་བ་རེད། 
     ཝང་ཆི་ཧྲན་གྱིས་ཨུ་ཟ་བྷེ་ཁེ་སི་ཐན་ནི“དར་གོས་འགྲུལ་ལམ”གྱི་གནའ་བོའི་རྒྱལ་ཁབ་ཅིག་ཡིན། ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་27སོང་རིང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་ཆུ་ཚད་མཐོན་པོའི་ངང་འཁོར་སྐྱོད་བྱེད་པ་རྒྱུན་འཁྱོངས་ཐུབ་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་ཡོད། ཀྲུང་གོ་དང་ཨུ་ཟ་བྷེ་ཁེ་སི་ཐན་རྒྱལ་ཁབ་གཉིས་པོས་སྒྱུར་བཅོས་སྒོ་དབྱེ་བརྒྱུད་རྒྱལ་ཁབ་སྟོབས་འབྱོར་ལྡན་པ་དང་། མི་རིགས་དར་རྒྱས། མི་དམངས་བདེ་སྐྱིད་བཅས་ཡོང་རྒྱུར་གཞོལ་ལ། དམིགས་ཚད་ཇི་ཙམ་མཐོ་ན་དེ་ཙམ་གྱིས་དུས་ཚོད་ཀྱི་ཚད་གཞི་སྟངས་འཛིན་ཡག་པོ་བྱ་དགོས་ཏེ། ངེས་ཤུགས་དང་ངང་རྒྱུད་རིང་པོ་རྒྱུན་འཁྱོངས་བྱས་ནས་གོམ་སྟབས་རེ་རེ་བཞིན་འཐབ་ཇུས་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་དགོས། ཀྲུང་གོ་དང་ཨུ་ཟ་བྷེ་ཁེ་སི་ཐན་གྱིས་མུ་མཐུད་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱས་ཏེ། རྒྱལ་སྲིད་སྐྱོང་རྒྱུའི་ཉམས་མྱོང་སྤེལ་རེས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཕྱོགས་ཡོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་ལས་སྟེགས་ཀྱི་འབྲེལ་གཏུག་མཐུན་སྦྱོར་ཟབ་ཏུ་གཏོང་དགོས་ཞེས་གསུངས་པ་རེད། 
     ཁ་སྨི་རའོ་ཧྥུའུ་ཡིས་ཨུ་ཀྲུང་གཉིས་ནི་མཛའ་མཐུན་ཟབ་མོ་ཡོད་ལ། ཕྱོགས་གཉིས་པོས་ཕན་ཚུན་ཡིད་ཆེས་ཆེན་པོ་བྱེད་པ་དང་། མཉམ་ལས་ཁྱབ་ཁོངས་རྒྱ་ཆེན་པོ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ས་ཁུལ་འཕེལ་རྒྱས་མཉམ་ལས་དང་བདེ་འཇགས་བརྟན་ལྷིང་ཡོང་ཆེད་འབད་བརྩོན་བྱས་པར་ཨུ་ཟ་བྷེ་ཁེ་སི་ཐན་ཕྱོགས་ཀྱིས་ཚད་མཐོའི་གདེང་འཇོག་བྱེད་ཀྱི་ཡོད། ཨུ་ཟ་བྷེ་ཁེ་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕན་ཚུན་སྦྲེལ་མཐུད་དང“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་སོགས་ཀྱི་དངོས་སྒྲུབ་མཉམ་ལས་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་སྟེ་ཨུ་ཀྲུང་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་ཡག་པོ་གཏོང་འདོད་ཡོད་ཅེས་གསུངས་པ་རེད།