འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་20ཉིན།

ཀྲུང་དབྱང་གི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་ བའི”བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གིས། 

༄༅༎ཁག་དང་པོའི་བརྗོད་དོན་གཙོ་བོའི་སློབ་གསོའི་དཔྱད་དཔོག་ལས་དོན་ཡག་པོ་སྒྲུབ་དགོས་པའི་བརྡ་ཐོ་བཀྲམ་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་20ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཉེ་དུས་ཀྲུང་དབྱང་གི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གིས《ཁག་དང་པོའི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་དཔྱད་དཔོག་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་སྟེ་ཀྲུང་དབྱང་གི《ཏང་ཡོངས་སུ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུའི་སྐོར་གྱི་བསམ་འཆར》གྱི་དགོངས་དོན་ལག་བསྟར་ནན་ཏན་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་གཙོ་རྐང་དེར་དམ་པོར་དམིགས་པ། བརྗོད་དོན་གཙོ་བོའི་སློབ་གསོའི་དམིགས་ཚད་ཀྱི་ལས་འགན་དང་གཙོ་གནད་བྱ་ཐབས་ལ་དམིགས་པ་བཅས་ཀྱི་སྒོ་ནས་ཁག་དང་པོའི་བརྗོད་དོན་གཙོ་བོའི་སློབ་གསོའི་དཔྱད་དཔོག་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
     བརྡ་ཐོའི་ནང་བསྟན་དོན། བརྗོད་དོན་གཙོ་བོའི་སློབ་གསོའི་དཔྱད་དཔོག་ལས་དོན་སྤེལ་རྒྱུ་ནི“ཐོག་མའི་བསམ་འདུན་སྲུང་བ་དང་། འགན་འཁྲི་འཁུར་བ། ཧེ་བག་འཚོལ་བ། དོན་འཁྱོལ་ལ་དམ་འཛིན”བཅས་ཀྱི་སྤྱིའི་བླང་བྱ་ལག་བསྟར་གྱི་ཞིབ་ཕྲའི་བྱ་ཐབས་ཤིག་དང་། སྒོ་ཕྱེ་ནས་སློབ་གསོ་གཏོང་རྒྱུ་མཐའ་འཁྱོངས་དང་རང་རྟོགས་ངང་མི་དམངས་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན་ཞིག བརྗོད་དོན་གཙོ་བོའི་སློབ་གསོའི་ཉམས་མྱོང་ཕྱོགས་སྡོམ་དང་བརྗོད་དོན་གཙོ་བོའི་སློབ་གསོའི་ཕན་འབྲས་ལ་ཞིབ་བཤེར་བྱེད་པའི་བྱ་ཐབས་གལ་ཆེན་བཅས་རེད། བསམ་བློའི་ངོས་འཛིན་དོན་འཁྱོལ་ཐུབ་རྒྱུ་དམ་འཛིན་དང་། གནད་དོན་ལ་ཞིབ་ལྟ་དོན་འཁྱོལ་ཐུབ་རྒྱུ་དམ་འཛིན། དག་ཐེར་དོན་འཁྱོལ་ཐུབ་རྒྱུ་དམ་འཛིན། རྩ་འཛུགས་ཀྱིས་འགོ་འཁྲིད་རྒྱུ་དོན་འཁྱོལ་ཐུབ་རྒྱུ་དམ་འཛིན་བཅས་ཀྱི་བླང་བྱར་དམ་པོར་དམིགས་ཏེ་བརྒྱུད་རིམ་གྱི་དཔྱད་དཔོག་དེ་གྲུབ་འབྲས་ཀྱི་དཔྱད་དཔོག་དང་ཟུང་འབྲེལ་བྱེད་པ་དང་། མང་ཚོགས་ལ་གདེང་འཇོག་བྱེད་དུ་བཅུག་པ་དང་། ལག་ལེན་ལ་བརྟེན་ནས་ཞིབ་བཤེར། ལྷག་པར་དུ་དངོས་ཡོད་གནད་དོན་ཐག་གཅོད་བྱེད་པའི་ཕན་འབྲས་ལ་བརྟེན་ནས་བསྡུར་ཞིབ་བྱེད་པའི་ཚད་གཞིར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ་དཔྱད་དཔོག་གི་འབྲས་བུ་ཕྱི་རོལ་གྱི་དོན་དངོས་དང་མཐུན་པའི་འགན་ལེན་བྱེད་དགོས།
     བརྡ་ཐོའི་ནང་བླང་བྱ་བཏོན་དོན། དཔྱད་དཔོག་ལས་དོན་དེ་གཙོ་གནད་ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་དང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་གི་ལས་རིགས་ཁོངས་གཏོགས་ཀྱི་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་བཅས་ཀྱིས་སྒྲིག་འཛུགས་ལག་བསྟར་ཞིབ་ཕྲ་བྱས་ནས་སློབ་སྦྱོང་སློབ་གསོ་དང་། བརྟག་དཔྱད་ཞིབ་འཇུག གནད་དོན་ལ་ཞིབ་ལྟ། དག་ཐེར་དོན་འཁྱོལ། རྩ་འཛུགས་ཀྱི་འགོ་ཁྲིད་སོགས་ཀྱི་ཐད་ནས་རྒྱུན་དུ་མཛུབ་ཁྲིད་ལ་ལྟ་སྐུལ་དང་དོན་དངོས་གནས་ཚུལ་སྟངས་འཛིན་བྱེད་པའི་རྨང་གཞིའི་ཐོག་བསམ་འཆར་རྒྱ་ཁྱབ་ངང་ཉན་པ་དང་སྐབས་བསྟུན་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་ཏང་ཡོན་ལ་རྒྱུས་མངའ་དང་། མང་ཚོགས་ལ་གདེང་འཇོག ཕྱོགས་བསྡུས་ཞིབ་འཇུག་བརྡར་གཅོད། ཕྱོགས་ཡོངས་ནས་དཔྱད་དཔོག་བཅས་བྱེད་དགོས། ས་ཁུལ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་བརྡ་ཐོའི་བླང་བྱ་གཞིར་བཟུང་ཐིང་དང་ཅུས་རིམ་པ་དང་དེ་བཞིན་དེ་ཡན་གྱི་འགོ་ཁྲིད་ཚན་ཁག་ཚན་པར་བྱས་ནས་རང་བཤེར་དཔྱད་དཔོག་བྱེད་དགོས།