འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་19ཉིན།

༄༅༎ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་མྱུར་སྐྱེལ་ཀུང་སིས་ཀྲུང་གོར་སྐྱེལ་འདྲེན་བྱེད་འགན་འཁུར་བའི་མྱུར་སྐྱེལ་ནང་མེ་མདའ་ཡོད་པའི་གནད་དོན་ཐོན་ཡོད་པས་སྤྱི་བདེ་ལས་ཁུངས་ཀྱིས་གྱོད་དོན་ཐོ་འགོད་བྱས་ནས་བརྟག་དཔྱད་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་19ཉིན། 13:36】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་18ཉིན། ཕུའུ་ཅན་ཞིང་ཆེན་ཕུའུ་ཀྲོའུ་གྲོང་ཁྱེར་སྤྱི་བདེ་ཅུས་ཅིང་ཨན་ཡན་ལག་ཅུས་ཀྱིས་བརྡ་ཁྱབ་བཏང་དོན། ཉེ་ཆར་ཉེན་རྟོག་ཅུས་དེར་ཕུའུ་ཅན་ལུས་རྩལ་མཁོ་ཆས་ཀུང་སི་ག་གེ་མོར་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་མྱུར་སྐྱེལ་ཀུང་སིས་སྐྱེལ་འདྲེན་བྱེད་འགན་འཁུར་བའི་ཨ་རིའི་ཚོང་འགྲུལ་བ་ཞིག་གིས་བསྐུར་བའི་མྱུར་སྐྱེལ་ཐུམ་སྒྲིལ་ནང་མེ་མདའ་ཡོད་པའི་ཉེན་བརྡ་འབྱོར་བ་རེད། མིག་སྔར་ཕུའུ་ཀྲོའུ་ཉེན་རྟོག་ཕྱོགས་ཀྱིས་མེ་མདའ་གནས་སྐབས་བཀག་ཉར་བྱས་པ་དང་འབྲེལ། གྱོད་དོན་ཐོ་འགོད་དང་བརྟག་དཔྱད་བྱེད་འགོ་ཚུགས་པ་རེད།