འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་19ཉིན།

༄༅།།“ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེན་པོ་བྱུང་བ”

—— པོ་ལི་ཝེ་ཡའི་ནུའར་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་པི་ཏར་ལ་བཅར་འདྲི་ཞུས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་19ཉིན། 10:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    “ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེན་པོ་བྱུང་བ”པོ་ལི་ཝེ་ཡའི་ནུའར་སློབ་ཆེན་རྒྱལ་སྤྱིའི་འབྲེལ་བའི་ཚན་ཁག་གི་དགེ་རྒན་ཆེ་མོ་བ་ཧུའུ་ཨན·པ་པོ་ལུའོ·ཧྲའོ་སའེ་ཏུའོ·པི་ཏར་གྱིས་ཉིན་ཤས་གོང་པོ་ལི་ཝེ་ཡའི་སྲིད་འཛིན་རྒྱལ་ས་ལཱ་པ་སིར་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70སོང་རིང་གི་འཛུགས་སྐྲུན་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་གནང་བ་རེད།
     པི་ཏར་གྱིས་ཀྲུང་གོ་གསར་པ་དབུ་བརྙེས་པ་དེས་ཨེ་ཤེ་ཡའི་རྒྱལ་ཁབ་ཆེ་ཤོས་དེ་ལོ་མང་གི་དམག་འཁྲུག་རྗེས་རྒྱལ་ཁབ་བརྟན་ལྷིང་བྱུང་ཡོད། ལོ་70སོང་རིང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཀྲུང་གོ་འདི་ཉིད་རྗེས་ལུས་ཀྱི་ཞིང་ལས་རྒྱལ་ཁབ་ནས་སྣ་མང་ཅན་དཔལ་འབྱོར་དང་ཚན་རྩལ་སྟོབས་ཆེའི་རྒྱལ་ཁབ་ལ་གྱུར་ཡོད་ཅེས་བརྗོད་པ་རེད།
     པི་ཏར་གྱིས་ཀྲུང་གོས་དུས་རབས་གོང་མའི་ལོ་རབས་70པའི་དུས་མཇུག་ཏུ་སྒྱུར་བཅོས་སྒོ་དབྱེའི་སྲིད་ཇུས་ལག་བསྟར་བྱེད་འགོ་བཙུགས་པར་རང་ཉིད་ལ་བག་ཆགས་ཟབ་མོ་བྱུང་ཞེས་བརྗོད་པ་དང་། ཁོང་གིས་ཀྲུང་གོས་ཕྱི་རྒྱལ་གྱི་མ་དངུལ་དང་། ལག་རྩལ། སྔོན་ཐོན་གྱི་དོ་དམ་ཉམས་མྱོང་བཅས་འབོར་ཆེན་ཞིག་ནང་འདྲེན་བྱས་ནས་རྒྱལ་ནང་གི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བས་རྒྱལ་ནང་གི་ཚོང་ཟོག་ཁྲོམ་ར་ཉིན་རེ་བཞིན་ཕུན་སུམ་ཚོགས་སུ་དང་དར་རྒྱས་གོང་འཕེལ་ཕྱིན་ནས་གྲོང་མི་མང་པོ་ཞིག་ལ་ལས་ཞུགས་ཀྱི་གོ་སྐབས་ཐོབ་པ་མ་ཟད་དབུལ་སྒྲོལ་ཡང་ཐུབ་ཡོད། གྲོང་མིའི་ཡོང་འབབ་རིམ་བཞིན་འཕར་བ་དེས་འཛད་སྤྱོད་རིམ་སྤོར་ལ་སྐུལ་མ་ཐེབས་པ་དང་ཐོན་ལས་རིམ་སྤོར་ལ་སྐུལ་འདེད་ཀྱང་བཏང་ཡོད་ཅེས་བརྗོད་པ་རེད།
     ཁོང་གིས་ཀྲུང་གོའི་འཕེལ་རྒྱས་ལ་གྲུབ་འབྲས་ཆེན་པོ་ཐོབ་ནས་ཀྲུང་གོ་འདི་ཉིད་ད་ཆ་འཛམ་གླིང་ཐོག་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་ཨང་གཉིས་པ་དང་འཛམ་གླིང་ཐོག་གི་ཚོང་ཟོག་ཕྱིར་གཏོང་བྱེད་མཁན་རྒྱལ་ཁབ་ཆེ་ཤོས་སུ་གྱུར་པ་དང་། ཀྲུང་གོའི་གློག་རྡུལ་དང་། འཕྲུལ་ཆས་སྒྲིག་ཆས་སོགས་ལས་རིགས་མང་པོ་ཞིག་གི་ཐོན་རྫས་ཀྱི་སྤུས་ཚད་དང་ལག་རྩལ་གྱི་ཚད་གཞི་འཛམ་གླིང་གི་སྔོན་ཐོན་གནས་བབ་ཏུ་སླེབས་ཡོད་ཅེས་བརྗོད་པ་རེད།
     གཞན་ཡང་། པི་ཏར་གྱིས་ཀྲུང་གོས་དཔལ་འབྱོར་གོ་ལ་ཅན་གྱི་ཁྲོད་ནུས་པ་ཧུར་ཐག་བཏོན་པར་བསྔགས་བརྗོད་ཆེན་པོ་བྱས་པ་དང་། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཕྱིན་པ་དེ་འཛམ་གླིང་གི་ས་ཁུལ་གཞན་དག་དང་འབྲེལ་བ་དམ་ཟབ་ཡོད་པ་མ་ཟད། ཀྲུང་གོ་འདི་ཉིད་དཔལ་འབྱོར་གོ་ལ་ཅན་གྱི་སྐུལ་འདེད་པ་གལ་ཆེན་ཞིག་ལ་གྱུར་པའི་ངོས་འཛིན་ཡང་བྱས་ཤིང་། ཁོང་གིས་ཀྲུང་གོས་ལ་ཏིང་མེ་གླིང་དང་ཨ་ཧྥེ་རི་ཁ་ས་ཁུལ་གྱི་རྒྱལ་ཁབ་དང་དཔལ་འབྱོར་ཚོང་དོན་འགྲོ་འོང་ལ་མཐོང་ཆེན་བྱས་པས་ད་ཆ་ས་ཁུལ་དེ་དག་གི་རྒྱལ་ཁབ་མང་པོ་ཞིག་གི་མཉམ་ལས་རོགས་ཟླ་གཙོ་བོར་གྱུར་ཡོད་ཅེས་བརྗོད་པ་རེད།
     པི་ཏར་གྱིས་ད་དུང་ཀྲུང་གོས་བཏོན་པའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་སྐོར་དམིགས་བསལ་དུ་གླེང་ཞིང་། ཁོང་གིས་གྲོས་འགོ་དེ་ནི་ཁྱབ་རྒྱ་ཆེན་པོ་ཡོད་པས་ལ་ཏིང་མེ་གླིང་གི་ས་ཁུལ་ཡང་དེའི་ནང་ཚུད་ཡོད། ཀྲུང་གོས་ལ་ཏིང་མེ་གླིང་དུ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱས་པ་མ་ཟད། ཀྲུང་གོ་ཡང་ས་ཁུལ་དེ་གའི་ཆ་འཕྲིན་ཁྱབ་ཁོངས་ཀྱི་ལག་རྩལ་ཐད་ཀྱི་མ་འཇོག་བྱེད་མཁན་རྒྱལ་ཁབ་ཅིག་ལ་གྱུར་ཡོད་ཅེས་བརྗོད་པ་རེད།