འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་19ཉིན།

༄༅།།འདི་ལོའི་ལོ་སྟོད་དུ་སྒུལ་བདེ་དྲ་རྒྱའི་ཚུལ་མིན་གྱི་མཉེན་ཆས་གོ་རིམ་1190མེད་པ་བཟོས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་19ཉིན། 10:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་ཐེན་ཅིན་ནས་ཟླ་8ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཚེས་17ཉིན། གསར་འགོད་པས་རྒྱལ་ཁབ་མཉམ་སྦྲེལ་དྲ་རྒྱའི་འཕྲལ་སྡོམ་ལྟེ་གནས་ཐེན་ཅིན་ཡན་ལག་ལྟེ་གནས་ནས་ཤེས་རྟོགས་བྱས་པར། 2019ལོའི་ལོ་སྟོད་དུ་རྒྱལ་ཁབ་མཉམ་སྦྲེལ་དྲ་རྒྱ་འཕྲལ་སྡོམ་ལྟེ་གནས་ཀྱིས་རིམ་རྩིས་བྱས་ན། རྒྱལ་ནང་གི་སྒུལ་བདེའི་མཉེན་ཆས་གོ་རིམ་ཕབ་ལེན་ཞབས་ཞུའི་ལས་སྟེགས་མཁོ་འདོན་བྱེད་མཁན་177དང་མཐུན་སྦྱོར་བྱས་ཏེ། སྒུལ་བདེའི་མཉམ་སྦྲེལ་དྲ་རྒྱའི་ཚུལ་མིན་མཉེན་ཆས་གོ་རིམ་1190མེད་པ་བཟོས་པ་རེད།
     གསར་འགོད་པས་ཤེས་རྟོགས་བྱས་པར། སྒུལ་བདེའི་མཉམ་སྦྲེལ་དྲ་རྒྱའི་ཚུལ་མིན་མཉེན་ཆས་གོ་རིམ་གྱི་གནོད་འཚེ་འགོག་ཟོན་དང་སྒུལ་བདེའི་མཉམ་སྦྲེལ་དྲ་རྒྱའི་ཚུལ་མིན་མཉེན་ཆས་གོ་རིམ་བརྒྱུད་སྤེལ་ཐབས་ལམ་ཚོད་འཛིན་ནན་པོ་བྱ་ཆེད། ལོ་7བསྟུད་མར་རྒྱལ་ཁབ་མཉམ་སྦྲེལ་དྲ་རྒྱའི་འཕྲལ་སྡོམ་ལྟེ་གནས་ཀྱིས། བཀོལ་སྤྱོད་ཚོང་ཁང་དང་སྤྲིན་ཚོགས་ལས་སྟེགས་སོགས་ཞབས་ཞུའི་ལས་སྟེགས་དང་ཟུང་འབྲེལ་བྱས་ནས། སྒུལ་བདེའི་མཉམ་སྦྲེལ་དྲ་རྒྱའི་ཚུལ་མིན་མཉེན་ཆས་གོ་རིམ་ཤེས་རྟོགས་དང་མེད་པ་བཟོ་རྒྱུར་ཟམ་མི་ཆད་པར་ཤུགས་སྣོན་བརྒྱབ་ཏེ། སྒུལ་བདེའི་མཉམ་སྦྲེལ་དྲ་རྒྱ་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་འགན་ལེན་བྱས་ཡོད།