འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་19ཉིན།

༄༅།།སྒྲ་རིས་ཀྱི་དཔང་བདེན་ར་སྤྲོད་ཀྱིས། རང་རྒྱལ་གྱི་དྲ་རྒྱའི་ཡིད་རྟོན་ཐོབ་ཐང་མ་ལག་འཛུགས་སྐྱོང་
ལ་སྐུལ་འདེད་བཏང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་19ཉིན། 10:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་17ཉིན་གློག་འཕྲིན་འབྱོར་གསལ། མིག་སྔར། སྐྱེ་དངོས་ཀྱི་ཁྱད་ཆོས་ཐོབ་ཐང་གི་དཔང་བདེན་ར་སྤྲོད་རིག་ནུས་གང་སར་སྤྱོད་བཞིན་ཡོད་པར་གཞིར་བཟུང་ནས། ངོ་རིས་དབྱེ་འབྱེད་དང་མཛུབ་རིས་དབྱེ་འབྱེད་སོགས་ལག་ཐོགས་ཁ་པར་ཁ་ཕྱེ་བ་དང་། སྒུལ་བདེའི་གཏོང་སྤྲོད། སྤྱི་ཚོགས་ཀྱི་འབྲེལ་བའི་མཉེན་ཆས་ནང་འཛུལ་བའི“རྒྱུན་གཏན་བཀོལ་སྤྱོད”དུ་འགྱུར་བཞིན་ཡོད་པ་དང་། སྒྲ་རིས་ཀྱི་དཔང་བདེན་ར་སྤྲོད་ལ་ཡང་གློག་རྡུལ་སྲིད་དོན་གྱི་དགའ་བསུ་ཐོབ་ནས་སྤྱི་ཚོགས་འགན་བཅོལ་དང་། དངུལ་རྩ། སྤྱི་བདེ་སོགས་ཀྱི་ཁྱབ་ཁོངས་ནང་སྤྱོད་བཞིན་ཡོད་པ་རེད། ཉེ་ཆར། རང་རྒྱལ་གྱི“སྒྲ་རིས+”ཀྱི་ཐོབ་ཐང་གི་དཔང་བདེན་ར་སྤྲོད་སྤྲིན་ཚོགས་རྣམ་གྲངས་ནང་སོག་ཝུའུ་ལན་ཁྲ་པུའུ་གྲོང་ཁྱེར་དུ་སྤྱོད་འགོ་ཚུགས་ནས། མི་སེར་དེ་བས་མང་བར་དྲ་རྒྱའི་ཐོབ་ཐང་གི་དཔང་བདེན་ར་སྤྲོད་ཀྱི་བདེ་འཇགས་དང་སྟབས་བདེ་བསྐྲུན་རྒྱུ་རེད།
     གསར་འགོད་པས་ཤེས་རྟོགས་བྱས་པར། རྣམ་གྲངས་དེ་ནང་སོག་ཝུའུ་ལན་ཁྲ་པུའུ་གྲོང་ཁྱེར་དང་པེ་ཅིང་ཏེ་དབྱི་སྒྲ་འཕྲིན་ལག་རྩལ་ཚད་ཡོད་འགན་འཁྲི་ཀུང་སིས་མཉམ་དུ་བཏོད་པ་ཞིག་ཡིན་པ་དང་། དེའི་དམིགས་ཡུལ་གཙོ་བོ་ནི་དྲ་སྦྲེལ་གྱི་ཐོབ་ཐང་དཔང་བདེན་ར་སྤྲོད་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས། རྒྱ་ཆེའི་སྤྱོད་མཁན་ལ་སྤུས་ཚད་མཐོ་བའི་ཐོབ་ཐང་གི་དཔང་བདེན་ར་སྤྲོད་སྤྲིན་ཚོགས་ཞབས་ཞུ་མཁོ་འདོན་བྱ་རྒྱུ་དང་འབྲེལ། མ་འོངས་པའི་ལོ་2ནས་3བར་ནང་སོག་ནས་ཉིང་ཞ་དང་ཀན་སུའུ། མཚོ་སྔོན། ཧྲན་ཤིས་སོགས་ཞིང་ཆེན་ལ་ཁྱབ་གདལ་གཏོང་ཆེད་ཡིན་པ་རེད།
    “གྲངས་གཞི་ཆེ་མོའི་ཐོན་ལས་འཕེལ་རྒྱས་གཏོང་བར་འབྱུང་རྩ་ནས་མི་སྒེར་གྱི་ཆ་འཕྲིན་ལ་སྲུང་སྐྱོང་བྱ་རྒྱུར་ངེས་པར་དུ་མཐོང་ཆེན་བྱེད་དགོས། མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་ལ་ཕན་པ་ཡོད་མེད་དེ་གསར་དར་ལག་རྩལ་གྲངས་གཞི་ཆེ་མོ་འཛུགས་སྐྱོང་དང་བཀོལ་སྤྱོད་ལ་འཚམ་མིན་ལ་ཚོད་སྐོར་བྱེད་པའི་འགག་རྩའི་ཚད་འབེབས་སུ་འགྱུར་བར་བྱེད་དགོས”རྒྱལ་ཁབ་ཆ་འཕྲིན་ལྟེ་གནས་ཀྱི་དབུ་བཞུགས་ལག་རྩལ་ཆེ་མོ་བ་ལི་ཤིན་ཁྲེང་གིས། དེའི་ཐད་སྒྲ་རིས་ལག་རྩལ་ལ་ལེགས་ཆ་ཆེན་པོ་ལྡན་པ་དང་རྒྱང་ཁྲིད་ཀྱི་ཐོབ་ཐང་གི་དཔང་བདེན་ར་སྤྲོད་ཁྲོད། སྐད་རིས་ལག་རྩལ་གྱི་གལ་ཆེའི་རང་བཞིན་དེ་བས་མངོན་གསལ་དོད་དུ་འགྲོ་བཞིན་ཡོད། རང་རྒྱལ་གྱིས་དྲ་རྒྱའི་ཡིད་རྟོན་རུང་བའི་ཐོབ་ཐང་གི་དཔང་བདེན་ར་སྤྲོད་མ་ལག་འཛུགས་སྐྱོང་གི་འབྲེལ་ཡོད་ལས་དོན་སྤེལ་བཞིན་ཡོད་པ་དང་། སྒྲ་རིས་ཀྱི་ཐོབ་ཐང་དཔང་བདེན་ར་སྤྲོད་ཀྱིས་དེའི་ཁྲོད་ནུས་པ་གལ་ཆེན་འདོན་རྒྱུ་ཡིན་པའི་ངོས་འཛིན་བྱས་པ་རེད།