འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་19ཉིན།

༄༅༎སྡེ་ཚན་གཉིས་ཀྱིས་ཞིང་ཆེན(རང་སྐྱོང་ལྗོངས)11ལ་ཀྲུང་དབྱང་གི་འབྲུབ་འགོག་ཐན་འགོག་གི་ཁ་གསབ་
རོགས་དངུལ་སྒོར་དུང་ཕྱུར་6སྤྲད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་19ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་8ཚེས་17ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་འཕྲལ་སྡོམ་དོ་དམ་པུའུ་ནས་ཤེས་རྟོགས་བྱས་པ་ལྟར་ན། ནོར་སྲིད་པུའུ་དང་འཕྲལ་སྡོམ་དོ་དམ་པུའུ་ཡིས་ཚེས་16ཉིན་ཧྲན་ཤིས་དང་། ནང་སོག ཧྥུའུ་ཅན། ཧོ་ནན། ཀོང་ཤིས། སི་ཁྲོན། ཡུན་ནན། ཧྲའན་ཤིས། ཀན་སུའུ། མཚོ་སྔོན། ཉིང་ཞ་བཅས་ཞིང་ཆེན(རང་སྐྱོང་ལྗོངས)11ལ་ཀྲུང་དབྱང་གི་འབྲུབ་འགོག་ཐན་འགོག་གི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་6སྤྲད་ཅིང་། དེ་དག་ནི་གེགས་བར་བྱུང་བའི་ས་ཁུལ་ལ་འབྲུབ་འགོག་ཉེན་སེལ་དང་ཐན་འགོག་དང་གནོད་འཚེ་ཉུང་གཏོང་གི་ལས་དོན་ཡག་པོ་སྒྲུབ་པ་དང་དེ་བཞིན་འབྲུབ་འགོག་ཐན་འགོག་གི་ཉེན་སེལ་དངོས་པོ་སྤྲོད་པའི་ཐད་སྤྱོད་རྒྱུ་རེད།