འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་16ཉིན།

༄༅༎བོད་ལྗོངས་ཀྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་ཡུལ་ཁག་དང་པོ་སྟེ། སྐྱིད་ཆུའི་འགྲམ་གྱི་དུས་བཞི་
བཀྲ་ཤིས་གྲོང་ཚོར་བཅར་འདྲི་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་16ཉིན། 12:51】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎བོད་ལྗོངས་ཀྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་ཡུལ་ཁག་དང་པོ་སྟེ། སྐྱིད་ཆུའི་འགྲམ་གྱི་དུས་བཞི་
བཀྲ་ཤིས་གྲོང་ཚོར་བཅར་འདྲི་བྱས་པ།
     མི་དམངས་དྲ་བའི་འཕྲིན། ལྷ་ས་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་24ཡོད་པའི་ཆུ་ཤུར་རྫོང་ཚལ་སྣེ་ཤང་གི་རོང་ཁུལ་དུ་དབྱར་དགུན་སྟོན་དཔྱིད་དུས་བཞིའི་ཚོན་མདོག་མཚོན་པའི་བོད་ཁང་365ལས་གྲུབ་པའི་གྲོང་ཚོ་ཞིག་ཡོད་པ་དེ་ནི་ལྷག་པར་མངོན་གསལ་དོད་པ་ཞིག་ཡིན་འདུག འདི་ནི་བོད་ལྗོངས་ཀྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་ཡུལ་ཁག་དང་པོ་སྟེ་དུས་བཞི་བཀྲ་ཤིས་གྲོང་ཚོ་ཡིན་པ་རེད།
    2016ལོའི་ཟླ་12ཚེས་15ཉིན། ཆུ་ཤུར་རྫོང་གནད་སྨིན་དབུལ་སྐྱོར་གྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་200ལྷག་ཙམ་དང་སྔར་བཞིན་ས་མགོ་སྨི་4500ཡན་གྱི་ས་ཁོངས་སུ་སྡོད་པའི་དུད་ཚང་བརྒྱ་ཙམ་གྱི་གྲོང་མི་ཁྱོན་མི1000ལྷག་ཙམ་བཀོད་སྒྲིག་བྱ་ཡུལ་དུ་སྤོས་པ་རེད།
    དུས་བཞི་བཀྲ་ཤིས་གྲོང་ཚོ་གནས་སའི་ཚལ་སྣེ་ཤང་ནི་གནམ་ཐང་གི་མྱུར་བགྲོད་དང་། ལྷ་གཞིས་ལྕགས་ལམ། རྒྱལ་ལམ་318བཅས་དང་ཐག་ཉེ་ལ། ཚལ་སྣེ་ཤང་གི་ཁོངས་གཏོགས་ཁུལ་གྱི་རྒྱལ་ཁབ་རིམ་པའི་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་དང་ལྷ་ས་དག་ཞིང་བདེ་ཐང་ཐོན་ལས་གླིང་སོགས་ཐོན་ཁུངས་ལ་བརྟེན་ནས། དུས་བཞི་བཀྲ་ཤིས་གྲོང་ཚོའི་མཐའ་འཁོར་དུ་མུའུ་ཁྲི་ཟིན་པའི་གྲོང་གསེབ་ཀྱི་སྡོང་ཕྲུག་སོན་བཟང་གསོ་སྤེལ་རྟེན་གཞི་དང་། ཀྲུང་ལུགས་དང་བོད་སྨན་འདེབས་འཛུགས་རྟེན་གཞི། དེང་རབས་ཅན་གྱི་བ་མོ་གསོ་ཚགས་ར་བ་སོགས་རྣམ་གྲངས་ཆེ་གྲས་བསྐྲུན་ནས“དངུལ་རྩ་+རྟེན་གཞི་+ཀུང་སི་+མཉམ་ལས་ཁང་+དུད་ཚང་དབུལ་པོ”བཅས་ཀྱི་དབུལ་སྒྲོལ་བྱ་ཐབས་འཚོལ་ཞིབ་བྱས་ནས། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱས་པའི་དུད་ཚང་གོམ་སྟབས་ཆེན་པོས་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པར་རོགས་རམ་བྱས་པ་རེད།
    2018ལོར། དུས་བཞི་བཀྲ་ཤིས་གྲོང་ཚོ་དེ“རྒྱལ་ཡོངས་ཀྱི་དམངས་གཙོ་ཁྲིམས་སྐྱོང་དཔེ་སྟོན་གྲོང་ཚོ(སྡེ་ཁུལ)”དང་“རྒྱལ་ཡོངས་ཀྱི་སྣོད་བཅུད་རིག་གནས་གྲོང་ཚོར”བདམས་པ་རེད། 2018ལོའི་ལོ་མཇུག་ཏུ། གྲོང་ཚོ་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་11000ལས་བརྒལ་ཡོད་པ་རེད།
【1】  【2】  【3】  【4】  【5】
༄༅༎བོད་ལྗོངས་ཀྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་ཡུལ་ཁག་དང་པོ་སྟེ། སྐྱིད་ཆུའི་འགྲམ་གྱི་དུས་བཞི་
བཀྲ་ཤིས་གྲོང་ཚོར་བཅར་འདྲི་བྱས་པ།