འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་16ཉིན།

༄༅།།“རྒྱུད་གཅིག་ལམ་གཅིག”དང་ཀྲུང་ཆིའི་ཚོང་དོན་མཉམ་ལས་ཀྱི་བརྗོད་དོན་གཙོ་བོའི་ཚོགས་འདུ་
ཆི་ལིར་འཚོགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་16ཉིན། 10:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ཆི་ལིའི་རྒྱལ་ས་སན་ཐེ་ཡ་ཀོ་ནས་ཟླ་8ཚེས་13ཉིན་གློག་འཕྲིན་འབྱོར་གསལ། 2019ལོའི“རྒྱུད་གཅིག་ལམ་གཅིག”དང་ཀྲུང་ཆིའི་ཚོང་དོན་མཉམ་ལས་ཀྱི་བརྗོད་དོན་གཙོ་བོའི་ཚོགས་འདུ་ཆི་ལིའི་རྒྱལ་ས་སན་ཐེ་ཡ་ཀོར་འཚོགས་པ་དང་། ཀྲུང་ཆི་རྒྱལ་ཁབ་གཉིས་པོའི་དཔོན་རིགས་དང་ཁེ་ལས་མཁས་ཅན་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་གྲོས་མཉམ་སྐྲུན་བྱས་ནས་ཕྱོགས་གཉིས་པོའི་ཚོང་དོན་མཉམ་ལས་སླར་ཡང་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།
     ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་ཚོགས་འདུ་དེ་ཆི་ལིའི་ཀྲུང་གོའི་མ་འཇོག་ཁེ་ལས་མཐུན་ཚོགས་དང་ཆི་ཀྲུང་ཚོང་ཚོགས་ཀྱིས་མཉམ་དུ་གཙོ་གཉེར་བྱས་ཤིང་། ཆི་ལིའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཁུལ་གྱི་ལས་དོན་གྱི་དམིགས་བསལ་གཞུང་ཚབ་པ་ཙུང་ཐུང་ཟུར་པ་ཨའེ་ཏེ་ཧྭ་ཏོ་·ཕུའུ་ལེས་གཏམ་བཤད་བྱེད་སྐབས། ཆི་ལིར“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་བརྟེན་ནས་གློག་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་དགོས་ཀྱི་ཡོད། ཆི་ཀྲུང་རྒྱལ་ཁབ་གཉིས་པོའི་ས་གནས་སྲིད་གཞུང་རིམ་པའི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་སྔར་བས་རྒྱག་པ་དང་ཆབས་ཅིག རྒྱལ་ཁབ་གཉིས་པོའི་དབར་གྱི་ཚན་རྩལ་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།
     ཆི་ལིའི་གྲོས་ཚོགས་འོག་མའི་གྲོས་དཔོན་དབྱི་དབན·ཕུ་ལོ་ལེ་སིས་ཆི་ཀྲུང་རྒྱལ་ཁབ་གཉིས་པོའི་གྲོས་ཚོགས་དབར་ཆབ་སྲིད་དང་དཔལ་འབྱོར་ཐད་སྤེལ་རེས་བྱེད་མང་དུ་ཕྱིན་པའི་རྨང་གཞིའི་ཐོག་ཚན་རྩལ་དང་རིག་གནས་ཀྱི་ནང་དོན་ཁ་སྣོན་བརྒྱབ་པས་ཕྱོགས་གཉིས་པོའི་མཉམ་ལས་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་ཕྱིན་ཡོད། དེ་ཐོག་ནས་རྒྱལ་ཁབ་གཉིས་པོས་དེ་བས་གནད་སྨིན་དང་དེ་བས་འཐབ་ཇུས་རང་བཞིན་གྱི་འབྲེལ་བ་གསར་པ་གཏོད་བཞིན་ཡོད་པ་མཚོན་ཡོད་ཅེས་བརྗོད་པ་རེད།
     ཆི་ལིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཞུའེ་པུས་གཏམ་བཤད་སྤེལ་སྐབས། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་འཕེལ་རྒྱས་ལ་དམིགས་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་མཉམ་འབྲེལ་མཉམ་མཐུད་ནང་དོན་གཙོ་བོར་བྱས་ཡོད། འདི་ཆི་ལིའི་འཕེལ་རྒྱས་ཀྱི་འཐབ་ཇུས་དང་དགོས་མཁོ་དང་མ་གྲོས་གཅིག་མཐུན་བྱུང་ཡོད། ཀྲུང་ཆི་ཕྱོགས་གཉིས་པོས་ཐུན་མོང་གི་ངོས་འཛིན་གསར་པ་གཅིག་ཏུ་བསྒྲིལ་ནས་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ནུས་ལྡན་ཐུབ་པ་དང་འཕེལ་རྒྱས་ཀྱི་གྲོས་རིམ་ཕན་ཚུན་མཉམ་འདྲེས་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བརྗོད་པ་རེད།