འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་15ཉིན།

༄༅༎ཀྲུང་ཧྭ་རྒྱལ་ཡོངས་གསར་འགྱུར་ལས་དོན་པའི་མཐུན་ཚོགས་ཀྱིས་གསལ་བསྒྲགས་སྤེལ་ནས། གསར་འགོད་པར་བསྐོར་རྡུང་
བྱས་པ་དང་ཁྲིམས་འགལ་གྱིས་བཀག་བསྐྱིལ་བྱས་པའི་གཏུམ་སྤྱོད་ཀྱི་བྱ་སྤྱོད་ཚབས་ཆེན་ལ་རྒོལ་གཏམ་དྲག་པོ་བཏང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་15ཉིན། 14:23】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་14ཉིན། ཀྲུང་ཧྭ་རྒྱལ་ཡོངས་གསར་འགྱུར་ལས་དོན་པའི་མཐུན་ཚོགས(གཤམ་དུ“ཀྲུང་གོ་གསར་འགོད་པའི་མཐུན་ཚོགས”ཞེས་བསྡུ་རྒྱུ)ཀྱིས་ཟླ་8ཚེས་13ཉིན་གྱི་དགོང་མོར་ཤང་ཀང་རྒྱལ་སྤྱིའི་གནམ་ཐང་དུ་ཐོན་པའི་གཏུམ་སྤྱོད་པ་ཁག་གཅིག་གིས《གོ་ལ་ཧྲིལ་པོའི་སྐབས་དོན་ཚགས་པར》གྱི་གསར་འགོད་པ་ཕུའུ་གོ་ཧའོ་ལ་སྐོར་རྡུང་བྱས་པའི་ཐད་གསལ་བསྒྲགས་སྤེལ་བ་དང་། ཁྲིམས་འགལ་ངང་གསར་འགོད་པར་སྐོར་རྡུང་བྱེད་པ་དང་བཀག་བསྐྱིལ་བྱེད་པའི་གཏུམ་སྤྱོད་ཀྱི་བྱེད་སྤྱོད་ཚབས་ཆེན་ལ་རྒོལ་གཏམ་དྲག་པོ་བཏང་བ་རེད།
     གསལ་བསྒྲགས་ནང་གསར་འགོད་པའི་རྒྱུན་གཏན་གྱི་བཅར་འདྲི་བྱ་རྒྱུར་བཀག་འགོག་བྱེད་པ་དང་། གསར་འགོད་པར་སྐོར་རྡུང་དང་ཁྲིམས་འགལ་ངང་བཀག་བསྐྱིལ་བྱས་པ་སོགས་གཏུམ་སྤྱོད་ཀྱི་བྱེད་སྤྱོད་ཚབས་ཆེན་སྤེལ་བར་ཀྲུང་གོ་གསར་འགོད་པའི་མཐུན་ཚོགས་ཀྱིས་ཁོང་ཁྲོ་ཆེན་པོ་དང་རྒོལ་གཏམ་དྲག་པོ་བཏང་རྒྱུ་ཡིན། བསྐོར་རྡུང་དོན་རྐྱེན་ཁྲོད་རྨས་སྐྱོན་ཕོག་པའི་གསར་འགོད་པར་འཚམས་འདྲི་ཞུ་རྒྱུ་དང་། ཉེན་ཁའི་གནས་སུ་གྱར་ཡང་དཔའ་ངར་ཆེན་པོས“ངས་ཤང་ཀང་གི་ཉེན་རྟོག་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན”ཞེས་སྐད་རྒྱག་མཁན་གསར་འགོད་པ་དེར་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།
     གསར་འགྱུར་ལས་དོན་པས་ཁྲིམས་ལྟར་ལོངས་སུ་སྤྱོད་པའི་མི་ལུས་དབང་ཆ་དང་བཅར་འདྲི་བྱེད་དབང་ལ་གནོད་འཚེ་གཏན་ནས་གཏོང་མི་ཆོག དོན་རྐྱེན་དང་འབྲེལ་བ་ཡོད་པའི་གཏུམ་སྤྱོད་པས་གསར་འགྱུར་ལས་དོན་པར་གདུག་རྩུབ་ཆེན་པོས་ཉེས་རྡུང་གཏོང་བ་དང་ཁྲིམས་འགལ་ངང་བཀག་བསྐྱིལ་བྱེད་པ་ནི། མི་ལུས་ལ་གནོད་འཚེ་ཚབས་ཆེན་གཏོང་བ་དང་གཏུམ་སྤྱོད་ཀྱི་ཉེས་གསོག་ཚབས་ཆེན་ཞིག་ཡིན་པ་དང་། གསར་འགྱུར་ལས་དོན་པའི་ལུགས་མཐུན་ཁེ་དབང་སྣང་མེད་དུ་གཏོང་བ་དང་དེར་གནོད་འཚེ་གཏོང་བ་ཞིག་ཡིན་ཞིང་། གོ་ལ་ཧྲིལ་པོའི་གསར་འགྱུར་ལས་རིགས་ལ་འགྲན་སློང་དང་བརྙས་བཅོས་གཏོང་བ་ཞིག་ཡིན་པ་དང་། གསར་འགྱུར་རང་དབང་ལ་རྡོག་རོལ་གཏོང་བ་ཞིག་ཡིན་པ་རེད། ཀྲུང་གོ་གསར་འགོད་པའི་མཐུན་ཚོགས་ཀྱིས་གསར་འགྱུར་ལས་དོན་པའི་ལུགས་མཐུན་གྱི་བཅར་འདྲིའི་དབང་ཆར་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ་གསར་འགྱུར་ལས་དོན་པས་རྒྱུན་གཏན་གྱི་གསར་འགྱུར་འཕྲིན་སྤེལ་བྱེད་སྒོ་སྤེལ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་། ཀྲུང་གོ་གསར་འགོད་པའི་མཐུན་ཚོགས་ཀྱིས་འབྲེལ་ཡོད་ཕྱོགས་ལ་གསར་འགྱུར་ལས་དོན་པའི་མི་ལུས་བདེ་འཇགས་དང་གསར་འགྱུར་འཕྲིན་སྤེལ་བྱེད་པའི་དབང་ཆར་གནོད་འཚེ་གཏོང་བའི་ཁྲིམས་འགལ་བྱེད་སྤྱོད་ལ་ཁྲིམས་ལྟར་ཆད་པ་ནན་པོ་བཅད་དེ་ཁྲིམས་འགལ་ཉེས་གསོག་པ་ཁྲིམས་ལྟར་གང་མགྱོགས་ཁྲིམས་ལ་སྦྱར་དགོས་པའི་རེ་འབོད་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད་པ་རེད།