འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་14ཉིན།

༄༅༎ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་མུ་འབྲེལ་གླེང་སྟེགས་
འགོ་ཚུགས་ཉེར་ཡོད་ལ། ཡོན་ཧྲེ་ལྔས་ཁྱེད་དང་མཉམ་དུ་ཚན་རྩལ་སྟོབས་ཆེའི་རྒྱལ་ཁབ་སྐོར་གླེང་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་14ཉིན། 13:50】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་མུ་འབྲེལ་གླེང་སྟེགས་
འགོ་ཚུགས་ཉེར་ཡོད་ལ། ཡོན་ཧྲེ་ལྔས་ཁྱེད་དང་མཉམ་དུ་ཚན་རྩལ་སྟོབས་ཆེའི་རྒྱལ་ཁབ་སྐོར་གླེང་རྒྱུ་ཡིན་པ།
     མི་དམངས་དྲ་བའི་འཕྲིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བའི་རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་གསོན་ཉམས་ལྡན་པའི་ལག་ལེན་དང་། རླབས་ཆེན་གྱི་གྲུབ་འབྲས།  རྩ་ཆེའི་ཉམས་མྱོང་བཅས་སྒྲོག་འགྲེལ་བྱ་ཆེད། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་ཨུ་ལྷན། ཀྲུང་དབྱང་དམག་ཨུད་ཆབ་སྲིད་ལས་དོན་པུའུ། པེ་ཅིང་གྲོང་ཨུད་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་དང་། མི་དམངས་དྲ་བ་དང་། ཤིན་ཧྭ་དྲ་བ། ཀྲུང་དབྱང་བརྙན་འཕྲིན་དྲ་བ་བཅས་ཀྱིས་གཉེར་འགན་འཁུར་བའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་མུ་འབྲེལ་གླེང་སྟེགས་ཟླ་8ཚེས་16ཉིན་གྱི་སྔ་དྲོའི་ཆུ་ཚོད་9པར་དངོས་སུ་འགོ་འཛུགས་རྒྱུ་ཡིན་པ་རེད།
     གླེང་སྟེགས་ཀྱི་ལེ་ཚན་དང་པོ་དེར་ཀྲུང་གོ་ཚན་རིག་ཁང་དང་ཀྲུང་གོ་བཟོ་བཀོད་ཁང་གི་ཡོན་ཧྲེ་ལྔ་གདན་དྲངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70སོང་རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ཚན་རྩལ་ཁྱབ་ཁོངས་ཀྱི་གསར་གཏོད་འཕེལ་རྒྱས་གྲུབ་འབྲས་ལ་དམིགས་ནས་བཞུགས་མོལ་དང་སྒྲོག་འགྲེལ་བྱ་རྒྱུ་དང་འབྲེལ། རང་ཉིད་ཀྱི་འབད་འཐབ་ལོ་རྒྱུས་དང་ཟུང་འབྲེལ་བྱས་ནས་དྲ་དམངས་དང་ཕན་ཚུན་སྤེལ་རེས་བྱ་རྒྱུ་རེད།
     གླེང་སྟེགས་ཀྱི་ལེ་ཚན་དང་པོ་དེར་གདན་དྲངས་པའི་སྐུ་མགྲོན་ནི་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲེ་དང་ཀྲུང་གོ་ཟླ་བའི་གོ་ལར་འཚོལ་ཞིབ་ཐིག་ལེན་ལས་གྲྭའི་དབུ་བཞུགས་ཚན་རིག་མཁས་ཅན་དང་པོ་ཨོའུ་དབྱང་ཙི་ཡོན་དང་། ཀྲུང་གོ་བཟོ་བཀོད་ཁང་གི་ཡོན་ཧྲེ། ཀྲུང་གོ་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ལས་གྲྭའི་སྤྱི་ཁྱབ་ཇུས་འགོད་པ་ཀྲོའུ་ཅན་ཕིན། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲེ། ཀྲུང་གོ་ཚན་རིག་ཁང་གི་རྩིས་རིག་དང་མ་ལག་ཚན་རིག་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་དབྱང་ལེ། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲེ། བར་སྣང་དངོས་ཁམས་རིག་པ་མཁས་ཅན། ཝུའུ་ཧན་སློབ་ཆེན་གྱི་སློབ་སྤྱི་ཏོའུ་ཞན་ཁང་། ཀྲུང་གོ་བཟོ་བཀོད་ཁང་གི་ཡོན་ཧྲེ། མི་བཞུགས་ཆུར་འཛུལ་ཡོ་བྱད“ཀླུ་མོ་རྟགས་ཅན་”གྱི་སྤྱི་ཁྱབ་ཇུས་འགོད་པ་ཞུས་ཧུའེ་ནན་བཅས་ཡིན།
     ཟླ་8ཚེས་16ཉིན་གྱི་སྔ་དྲོའི་ཆུ་ཚོད་9པར། ཤིན་ཧྭ་དྲ་བས་གླེང་སྟེགས་ཐོག་མ་དེ་ཡུལ་དངོས་ནས་ཐད་གཏོང་བྱ་རྒྱུ་ཡིན་པས། རྒྱ་ཆེའི་དྲ་གྲོགས་ཚོས་སྐབས་དེ་དུས་ལྟ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན།
【1】  【2】  【3】
༄༅༎ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་མུ་འབྲེལ་གླེང་སྟེགས་
འགོ་ཚུགས་ཉེར་ཡོད་ལ། ཡོན་ཧྲེ་ལྔས་ཁྱེད་དང་མཉམ་དུ་ཚན་རྩལ་སྟོབས་ཆེའི་རྒྱལ་ཁབ་སྐོར་གླེང་རྒྱུ་ཡིན་པ།