འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་14ཉིན།

༄༅༎ཤེས་མཁན་མང་པོ་མེད་པའི་གནའ་པོ་ལ་འཁྱགས་རོམ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་14ཉིན། 10:37】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་གནའ་པོ་ལའི་འདབས་སུ་ཤང་ཤང་དུ་རྒྱུག་པའི་རྒྱུག་ཆུ་ཡིན་པ།
འདི་ནི་གནའ་པོ་ལའི་འདབས་སུ་ཤང་ཤང་དུ་རྒྱུག་པའི་རྒྱུག་ཆུ་ཡིན་པ།
     བོད་ལྗོངས་མངའ་རིས་ས་ཁུལ་རུ་ཐོག་རྫོང་དུང་རུ་ཤང་དུ་རྔམ་བརྗིད་ལྡན་པའི་འཁྱགས་རོམ་ཡུག་གཅིག་ཡོད་པར་ས་གནས་དེ་གའི་མི་རྣམས་ཀྱིས་གནའ་པོ་ལའི་འཁྱགས་རོམ་ཟེར་གྱི་ཡོད། དེ་གྲོང་ཚོ་དང་གྲོང་རྡལ་དབར་རྒྱང་ཐག་ཅུང་རིང་བ་དང་འགྲིམ་འགྲུལ་ཧ་ཅང་སྟབས་མི་བདེ་བར་བརྟེན་ཤེས་མཁན་ཉུང་ཉུང་ཡིན། གནའ་པོ་ལའི་འཁྱགས་རོམ་ནི་རུ་ཐོག་རྫོང་གི་འཁྱགས་རོམ་མང་པོའི་གྲས་ཤིག་ཡིན་ལ་རུ་ཐོག་རྫོང་གི་འཁྱགས་རོམ་དང་ཡུན་རིང་ཁ་བས་བཀླུབས་པའི་རི་བོའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་2818ཟིན་པ་དེས་མངའ་རིས་ས་ཁུལ་གྱི་འཁྱགས་རོམ་དང་ཡུན་རིང་ཁ་བས་བཀླུབས་པའི་རི་བོའི་རྒྱ་ཁྱོན་གྱི་50%བཟུང་ཡོད། འཁྱགས་རོམ་ནི་ལོ་མང་པོའི་རིང་ཁ་བ་ཡང་ཡང་བབས་ཏེ་འཁྱགས་རོམ་ཡང་སྐོར་བསྐྱར་སྐོར་ཆགས་པ་སོགས་ཆབ་རོམ་ལས་གྲུབ་པ་དང་ཕལ་ཆེ་བ་ནི་གླིང་སྣེའི་ས་ཆའམ་ས་བབ་མཐོ་བའི་རི་ཁུལ་དུ་ཆགས་པ་ཞིག་ཡིན། 
འདི་ནི་གནའ་པོ་ལ་འཁྱགས་རོམ་ཡིན་པ།
འདི་ནི་གནའ་པོ་ལ་འཁྱགས་རོམ་ཡིན་པ།